མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

མངའ་རིས་ས་ཁུལ་དུ་རོང་འབྲོག་པའི་མཉམ་ལས་རྩ་འཛུགས139ཡོད་པ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-11-14 10:11

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་མངའ་རིས་ས་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། མངའ་རིས་ས་ཁུལ་གྱིས་རོང་འབྲོག་པའི་མཉམ་ལས་རྩ་འཛུགས་འཕེལ་རྒྱས་སུ་གཏོང་བའི་བྱ་བར་རྒྱབ་སྐྱོར་ཆེན་མོ་བྱས་ཏེ། མིག་སྔའི་བར་དུ་རོང་འབྲོག་པའི་མཉམ་ལས་རྩ་འཛུགས139ལ་སླེབས་ཡོད་པ་དང་། རྩ་འཛུགས་ཁྲོད་ཞུགས་པའི་མང་ཚོགས་ཁྱིམ་ཚང་ཁྲི1.2ཡོད་པ་དང་བསྡོམས་པས་མི་ཁྲི4.1ཡོད། དངོས་སུ་མིང་ཐོ་བཀོད་ཡོད་པའི་རོང་འབྲོག་པའི་མཉམ་ལས་རྩ་འཛུགས86ཡོད་ལ། ཐོ་འགོད་མ་དངུལ་སྒོར་ཁྲི5964ལ་སླེབས་ཡོད་པ་རེད།

རྒྱུས་ལོན་ལྟར་ན། རོང་འབྲོག་པའི་མཉམ་ལས་རྩ་འཛུགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་། རྩ་འཛུགས་ཀྱི་གྲངས་ཀ་ཇེ་མང་དུ་གཏོང་བའི་རྨང་གཞི་སྟེང་། ད་ལོར་མངའ་རིས་ས་ཁུལ་གྱིས་འཕེལ་རྒྱས་ནུས་ཤུགས་ཆེ་བ་དང་། གཞི་ཁྱོན་ངེས་ཅན་ཡོད་པ། འཁོར་སྐྱོར་ཚད་ལྡན་ཡིན་པའི་རོང་འབྲོག་པའི་མཉམ་ལས་རྩ་འཛུགས17བདམས་ཐག་བཅད། དེ་དང་ཆབས་ཅིག དབུལ་སྐྱོར་བྱ་བའི་བྱེད་སྟེངས་གསར་གཏོད་བྱས་ཏེ། དབུལ་སྐྱོར་མ་དངུལ་ཧྲག་བསྡུ་བྱས་ནས་རོང་འབྲོག་པའི་མཉམ་ལས་རྩ་འཛུགས་ཐད་བཏང་བ་བརྒྱུད་དེ། དབུལ་སྐྱོར་མ་དངུལ་དེ་དབུལ་ཕོངས་ཁྱིམ་ཚང་གི་མ་རྐང་འཇོག་དངུལ་དུ་རྩིས་ནས། དཔལ་འབྱོར་ཡོང་འབབ་བགོ་བའི་ལམ་ལུགས་གོང་འཕེལ་བཏང་བ་ལས། དབུལ་ཕོངས་ཁྱིམ་ཚང་དག་གིས་རང་གི་ནུས་ཤུགས་ལ་བརྟེན་ནས་དབུལ་ཕོངས་སེལ་བ་དང་། དུས་ཐོག་ཏུ་དབུལ་སྐྱོར་བྱ་ཡུལ་བརྗེ་ཐུབ་པ་བྱུང་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག