མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

གཞིས་རྩེས་ས་ཁུལ་རིམ་པའི་གྲོང་ཁྱེར་དུ་རིམ་སྤོར་བྱ་རྒྱུའི་ལས་དོན་ཁག་བདེ་བླག་ངང་སྤེལ་བཞིན་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-11-13 11:27

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་སྤྱི་ཟླ6པའི་ཚེས26ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ད་ལྟའི་གཞིས་རྩེ་ས་ཁུལ་དེ་ཉིད་ས་ཁུལ་རིམ་པའི་གྲོང་ཁྱེར་དུ་རིམ་སྤོར་བྱ་རྒྱུར་མཆན་འགོད་བཀའ་ལན་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་གཞིས་རྩེ་ས་ཁུལ་གྱིས་གཙོ་གནད་མངོན་གསལ་དོད་པ་དང་། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་པ། ཇུས་འགོད་ཞིབ་ཚགས་བཟོ་བ། བཀོད་སྒྲིག་ཞིབ་ཚགས་བྱེད་པ་བཅས་བྱས་ཏེ་ས་ཁུལ་རིམ་པའི་གྲོང་ཁྱེར་དུ་འཛུགས་རྒྱུའི་དུས་འགོའི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང༌། ད་ལོའི་སྤྱི་ཟླ12པའི་ཟླ་མཇུག་ཏུ་ས་ཁུལ་རིམ་པའི་གྲོང་ཁྱེར་དུ་རིམ་སྤོར་བྱ་རྒྱུའི་ལས་དོན་ཚང་མ་ལེགས་སྒྲུབ་ཟིན་བཟོ་ཡོད་པ་རེད།

 ངོ་སྤྲོད་བྱས་པར་གཞིགས་ན། ས་ཁུལ་རིམ་པའི་གྲོང་ཁྱེར་དུ་རིམ་སྤོར་བྱེད་པའི་ལས་དོན་སྤེལ་ཚུན་གཞིས་རྩེ་ས་ཁུལ་གྱིས་སྔ་རྗེས་སུ་ཆེད་དོན་ཚོགས་འདུ་ཐེངས་མང་འཚོགས་ནས། འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བྱས་པ་དང༌། ལྷག་པར་དུ་ཀྲུང་གོ་གུང་ཁྲན་ཏང་གཞིས་རྩེ་གྲོང་ཁྱེར་གྱི་ཐེངས་དང་པོའི་འཐུས་མི་ཚོགས་ཆེན་དང་། མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཀྱི་ཚོགས་འདུ་གཉིས་འཚོགས་རྒྱུའི་གྲ་སྒྲིག་ལས་དོན་ཐད་སྣེ་ཁྲིད་བྱེད་མཁན་འགོ་ཁྲིད་དང་འགན་འཁྲིའི་ཚན་པ་ཁ་གསལ་བཟོས་ཡོད་པ་རེད། དེང་སྐབས་གྲ་སྒྲིག་ལས་དོན་ཁག་བརྟན་པོ་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད། ཤེས་རྟོགས་བྱས་པར་གཞིགས་ན། ས་ཁུལ་རིམ་པའི་གྲོང་ཁྱེར་དུ་རིམ་སྤོར་བྱས་རྗེས་ཁྲིམས་ལྟར་གཞིས་རྩེ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་གྲོང་ཁྱེར་མི་དམངས་འཐུས་ཚོགས། གྲོང་ཁྱེར་སྲིད་གཞུང༌། གྲོང་ཁྱེར་སྲིད་གྲོས། གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང༌། ཁྲིམས་ཁང་གི་དབུ་འཛིན་དང་ཞིབ་དཔྱོད་ཁང་གི་དབུ་འཛིན་བཅས་འདེམས་བསྐོ་བྱས་ནས་རང་སྐྱོང་ལྗོངས་ཀྱི་མངགས་གཏོང་ལས་ཁུངས་ཀྱི་དོ་དམ་བྱ་ཐབས་དེ་སྲིད་གཞུང་གི་དོ་དམ་བྱ་ཐབས་སུ་བསྒྱུར་ཏེ་རྩ་འཛུགས་ལས་ཁུངས་དེ་བས་ལེགས་སུ་གཏོང་བ་དང༌། འཁོར་སྐྱོད་སྒྲིག་གཞི་དེ་བས་འཐུས་ཚང་དུ་གཏོང་བ། སྤྱི་པའི་ཞབས་ཞུ་དེ་བས་ཁྱོན་ཡོངས་ལ་ཁྱབ་པ་བྱེད་པ། སྤྱི་ཚོགས་དོ་དམ་དེ་བས་གོ་རིམ་ལྡན་པ་བཅས་ཡོང་བ་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག