མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཆབ་མདོས་འབྲིང་རིམ་ལས་རིགས་འཛིན་གྲྭའི་སློབ་ཐོན་སློབ་མའི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-11-13 11:26

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོའི་ནང་ཆབ་མདོ་ས་ཁུལ་གྱིས་ནུས་ཤུགས་ཆེ་ཤོས་ཀྱི་སྒོ་ནས་འབྲིང་རིམ་ལས་རིགས་འཛིན་གྲྭའི་སློབ་ཐོན་སློབ་མའི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ་དང༌། སྤྱི་ཟླ10པའི་ཚེས24ཉིན་འབྲིང་རིམ་ལས་རིགས་འཛིན་གྲྭའི་སློབ་ཐོན་སློབ་མ801ལས་ཞུགས་ཐུབ་ནས་སྤྱིའི་མི་གྲངས་ཀྱི80%ཟིན་པ་དང༌། སྤྱི་ལོ2014ལོའི་ལོ་མཇུག་ཏུ་ཚང་མ་ལས་ཞུགས་ཐུབ་ཡོད་པ་རེད།

 ས་ཁུལ་དེ་ཡོངས་ཀྱི་འབྲིང་རིམ་ལས་རིགས་འཛིན་གྲྭའི་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་གོ་རིམ་ལྡན་པ་དང་ནུས་ལྡན་ངང་སྤེལ་ཆེད། ཆབ་མདོ་ས་ཁུལ་གྱིས་སྒྲིག་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང༌། སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ལས་ཞུགས་ཞབས་ཞུ་ཡག་པོ་སྒྲུབ་པ་རེད། དེ་དང་ཆབས་ཅིག་ལས་རིགས་རང་འཚོལ་བྱེད་རྒྱུ་དར་སྤེལ་གཏོང་བ་དང་རང་བདག་ངང་ལས་སྐྲུན་བྱེད་རྒྱུར་སྐུལ་འདེད་བཏང་བ། དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བ། ཁྲོམ་རའི་ནང་འཛུལ་བ། ལས་སྐྲུན་ཞབས་ཞུ་སོགས་ཐད་རྒྱབ་སྐྱོར་ཧུར་ཐག་བྱས་པས་འབྲིང་རིམ་ལས་རིགས་འཛིན་གྲྭའི་སློབ་ཐོན་སློབ་མས་ལས་རིགས་རང་འཚོལ་བྱེད་རྒྱུ་དང་རང་བདག་ངང་ལས་སྐྲུན་བྱེད་རྒྱུར་སྐུལ་འདེད་ཐེབས་པ་རེད། སྤྱི་ཟླ10པའི་ཚེས24ཉིན་བར་འབྲིང་རིམ་ལས་རིགས་འཛིན་གྲྭའི་སློབ་ཐོན་སློབ་མ50ལས་རིགས་རང་འཚོལ་བྱེད་རྒྱུ་མངོན་འགྱུར་བྱུང་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག