མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་རྨོ་བསྐྱུར་ནགས་སྐྱོང་རྩྭ་གསོའི་ལག་བསྟར་ཇུས་གཞིར་ཞིབ་འཇུག་བྱས་པ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-11-12 11:14

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས7ཉིན་གྱི་ཕྱི་དྲོ། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་སྤེན་པ་བཀྲ་ཤིས་ཀྱིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་ལ་གཅོ་སྐྱོང་གནང་ནས་རྒྱལ་ཁབ་ཀྱི་རེས་སྐོར་གསར་པའི་རྨོ་བསྐྱུར་ནགས་སྐྱོང་རྩྭ་གསོའི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་ཇུས་གཞིར་ཞིབ་འཇུག་དང་གྲོས་བསྡུར་བྱས་པ་རེད།

ཚོགས་འདུའི་ཐོག་གཅིག་ནས་ཚད་མཐོའི་མཐོང་ཆེན་བྱེད་དགོས་ཤིང་། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངོས་འཛིན་སྔར་བས་མཐོ་རུ་གཏོང་བ་དང་བསམ་བློ་གཅིག་གྱུར་ཡོང་བ་བྱས་ཏེ་རྒྱལ་ཁབ་ཀྱི་རེས་སྐོར་གསར་པའི་རྨོ་བསྐྱུར་ནགས་སྐྱོང་གི་སྲིད་ཇུས་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་དོན་ཆེན་དང་བྱ་བཟང་དེ་ཡག་པོ་སྒྲུབ་དགོས་པ་དང་། གཉིས་ནས་རྩ་དོན་ཁོང་དུ་ཆུད་པ་བྱེད་དགོས་ཤིང་། མང་ཚོགས་ཀྱི་རང་མོས་རྩ་དོན་མཐའ་འཁྱོངས་བྱས་ནས་བསྐྱུར་དང་མ་བསྐྱུར་ཚང་མ་མང་ཚོགས་རང་ཉིད་ཀྱི་བློ་ལ་བསྟུན་དགོས་པ་ལས་བཙན་ཤེད་བྱེད་མི་རུང་ལ་སྲིད་འཛིན་བཀའ་རྒྱ་ཡང་གཏོང་མི་ཆོག སྲིད་གཞུང་གི་ཁྲིད་སྟོན་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོ་མང་ཚོགས་ལ་དྲིལ་བསྒྲགས་དང་དོན་འཁྱོལ་ཡག་པོ་བྱེད་དགོས། ཡུལ་བབ་དང་བསྟུན་རྒྱུ་མཐའ་འཁྱོངས་བྱས་ཏེ་བོད་ཀྱི་དོན་དངོས་དང་མཐུན་པ་དང་དངོས་ཕན་ཐོབ་རྒྱུར་སྣང་ཆེན་བྱེད་དགོས། དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བྱེད་དགོས། གསུམ་ནས་སྤྱི་འདོམས་འཆར་འགོད་བྱེད་དགོས་ཤིང་། འབྲེལ་ཡོད་འཆར་འགོད་དང་སྦྲེལ་མཐུད་ཐུབ་རྒྱུར་ཤུགས་སྣོན་རྒྱག་པ་དང་རྨོ་བསྐྱུར་ལས་ཀ་དེ་མུ་ཁར་དོན་འཁྱོལ་ཐུབ་པ་བྱས་ཏེ་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་ཐུབ་རྒྱུ་འགན་ལེན་བྱེད་དགོས་པ། བཞི་ནས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་ཤིང་། རྨོ་བསྐྱུར་ནགས་སྐྱོང་དང་རྩྭ་གསོ་རྒྱུ་ནི་རྙོག་འཛིང་ཆེ་བའི་འདུ་འགོད་ཅིག་ཡིན་པས་རིམ་ཁག་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་འགོ་ཁྲིད་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ལས་དོན་ཁག་བདེ་བླག་ངང་སྤེལ་རྒྱུར་འགན་ལེན་ཐུབ་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག