མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཁ་གཏད་བོད་སྐྱོར་བྱས་ནས་ལོ20འཁོར་བའི་སྒྲོག་འགྲེལ་སྙན་ཞུ་ཚོགས་པས་གཞིས་རྩེ་རུ་སྒྲོག་འགྲེལ་བྱས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-11-12 11:01

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། ལྗོངས་ཏང་ཨུད་རྩ་འཛུགས་པུའུ་དང་དྲིལ་བསྒྲགས་པུའུ། ལྗོངས་ཏང་ཨུད་བཤད་ཁྲིད་ཚོགས་པ་བཅས་ཀྱིས་བཙུགས་པའི་ཁ་གཏད་བོད་སྐྱོར་བྱས་ནས་ལོ20འཁོར་བའི་སྒྲོག་འགྲེལ་སྙན་ཞུ་ཚོགས་པས་གཞིས་རྩེ་རུ་སྒྲོག་འགྲེལ་བྱས་པ་རེད།

སྙན་ཞུའི་ཚོགས་འདུ་དེ་བརྙན་ལམ་ནས་སྟོན་པ་དང་སྒྲོག་འགྲེལ་པ་བདུན་གྱིས་སྒྲོག་འགྲེལ་བྱེད་པའི་བྱ་ཐབས་བཟུང་སྟེ་ལྟ་ཕྱོགས་མི་འདྲ་བའི་ཐོག་ནས། ཁ་གཏད་བོད་སྐྱོར་བྱས་ནས་ལོ20རིང་བོད་ལ་འགྱུར་ལྡོག་ཆེན་པོ་བྱུང་ཚུལ་མཚོན་པ་དང་། བོད་སྐྱོར་ལས་བྱེད་པ་ས་མཐོར་ཕེབས་ནས་མཛད་རྗེས་བཞག་གནང་ཚུལ་རྒྱས་བཤད་བྱས་པ་རེད།

གཞིས་རྩེ་གྲོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་བཀྲ་ཤིས་རྡོ་རྗེས་མྱོང་ཚོར་ཟབ་མོ་ལྡན་པའི་ངང་སྒྲོག་འགྲེལ་ཉན་རྗེས། ང་ཚོས་བོད་སྐྱོར་ལས་བྱེད་པས་ལེགས་སྐྱེས་ཕུལ་ཚུལ་གསལ་པོ་ཤེས་རྟོགས་ཐུབ་བྱུང་ལ་བོད་སྐྱོར་ལས་ཀའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་སྔར་བས་གཏིང་ཟབ་བྱུང༌། བོད་སྐྱོར་ལས་བྱེད་པ་ཚོས་ང་ཚོར་གོང་འཕེལ་གྱི་འདུ་ཤེས་གསར་པ་དང་བསམ་ཕྱོགས་གསར་པ་བརྒྱུད་ཁྲིད་གནང་བ་དང་། ཤེས་ལྡན་མི་སྣ་དང་ལག་རྩལ། མ་དངུལ་སོགས་ཐད་ནས་རྒྱབ་སྐྱོར་ཤུགས་ཆེ་གནང་བས་གཞིས་རྩེ་གྲོང་ཁྱེར་གྱི་ད་ལྟའི་འགྱུར་ལྡོག་དེ་བོད་སྐྱོར་ལས་བྱེད་པའི་མཛད་རྗེས་ཆེན་པོ་བཞག་གནང་བ་དང་ཁ་བྲལ་ཐབས་མེད་ཅེས་བཤད་ཆོག་ཅེས་གསུངས་པ་རེད།

ཅི་ལིན་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ། གཞིས་རྩེ་གྲོང་ཁྱེར་ནོར་སྲིད་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཐེ་ཁྲེང་གིས་སྒྲོག་འགྲེལ་ཉན་རྗེས། ང་ལ་སེམས་ཤུགས་སྔར་བས་ཆེན་པོ་སྐྱེས་བྱུང༌། ངས་བོད་སྐྱོར་ལས་བྱེད་པ་དེ་དག་མིག་དཔེར་བྱས་ཏེ་ལས་གནས་བརྟན་སྲུང་བྱས་ནས་གཞིས་རྩེའི་གོང་འཕེལ་དང་བརྟན་ལྷིང་ཆེད་དུ་རང་ཉིད་ཀྱི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག