མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་རང་སྐྱོང་ལྗོངས་ཀྱི་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཨུ་ཡོན་ལྷན་ཁང་གི་སྒོ་བྱང་བཀལ་བ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  2014-11-12 10:52

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། བོད་ལྗོངས་ཀྱི་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཨུ་ཡོན་ལྷན་ཁང་གི་སྒོ་བྱང་བཀལ་ཏེ་དངོས་སུ་བཙུགས། དེ་ལས་བོད་ལྗོངས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་བཅོས་བསྒྱུར་བྱ་བ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་ཚུགས་པ་མཚོན།

རྒྱུས་ལོན་བྱུང་བ་ལྟར་ན། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་འགྲེམ་སྤེལ་བྱས་པའི《བོད་རང་སྐྱོང་ལྗོངས་ཀྱི་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཨུ་ཡོན་ལྷན་ཁང་གི་ལས་འགན་གཙོ་བོའི་ལས་ཁུངས་སྒྲིག་འཛུགས་དང་སྒྲིག་གཞི་ཁོངས་སུ་ཚུད་པའི་མི་སྣ་གཏན་ཁེལ་སྐོར་གྱི་འབྲེལ་ཡོད་བརྡ་སྤྱོར》ལྟར་ན། བོད་རང་སྐྱོང་ལྗོངས་ཀྱི་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཨུ་ཡོན་ལྷན་ཁང་ནང་ཁུལ་ནས་སྡེ་ཁག19འཛུགས་རྒྱུ་ཡིན་པ་དང་། སྲིད་འཛིན་སྒྲིག་གཞི་ཁོངས་སུ་ཚུད་པའི་ལས་གནས97བཀོད་སྒྲིག་བྱེད་རྒྱུ་ཡིན་ཞིང་། ལས་ཁུངས་ཀྱི་རྒྱབ་ཕྱོགས་ཞབས་འདེགས་ལྟེ་གནས་རུ་ལས་དོན་སྒྲིག་གཞི་ཁོངས་སུ་ཚུད་པའི་ལས་གནས7བཀོད་སྒྲིག་བྱེད་རྒྱུ་ཡིན། བྱེད་ནུས་འགྱུར་ལྡོག་བྱུང་བ་དང་ལས་ཁུངས་བཅོས་བསྒྱུར་བྱས་པ་ལས། སྔར་ལས་ཕན་ནུས་ལྡན་པའི་སྒོ་ནས་སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཞབས་ཞུ་ཐོན་ཁུངས་བཀོད་སྒྲིག་འོས་འཚམས་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་བྱ་བར་སྐུལ་འདེད་ནན་མོ་གཏོང་བ། ཕན་ནུས་ལྡན་པའི་ངང་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཞབས་ཞུ་ཡག་པོ་སྒྲུབ་པར་རྨང་གཞི་བརྟན་པོ་བཏིངས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག