མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་སྤྱི་ཕན་ནགས་ཚལ་ཀྱི་ཆེད་ལས་དོ་དམ་སྲུང་སྐྱོང་རུ་ཁག19འཛུགས་རྩིས་ཡོད།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-11-10 10:51

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས9ཉིན་གསར་འགོད་པས་བོད་ལྗོངས་ནགས་ལས་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ནགས་ཚལ་ཐོན་ཁུངས་ཀྱི་སྲུང་སྐྱོང་བྱ་བར་ཤུགས་བསྣན་ཏེ། སྤྱི་ཕན་ནགས་ཚལ་གྱི་དོ་དམ་སྲུང་སྐྱོང་ཆུ་ཚད་སྔར་ལས་ལྷག་པའི་སྒོ་ནས་ཇེ་མཐོར་གཏོང་ཆེད། བོད་ལྗོངས་ཀྱིས་ཐོག་དང་པོར་སྤྱི་ཕན་ནགས་ཚལ་གྱི་དོ་དམ་སྲུང་སྐྱོང་བྱ་བར་དམིགས་པའི《བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཕན་ནགས་ཚལ་གྱི་དོ་དམ་སྲུང་སྐྱོང་བྱ་ཐབས(ཚོད་ལྟའི་ཐབས)》དེ2015ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ཚོད་ལྟའི་ཚུལ་དུ་ལག་བསྟར་བྱ་རྒྱུ་རེད། བསྡོམས་རྩིས་བྱས་པ་ལྟར་ན། མིག་སྔར་བོད་ལྗོངས་སུ་བསྡོམས་པས་སྤྱི་ཕན་ནགས་ཚལ་མུའུ་དུང་ཕྱུར1.5ཡོད་པ་དང་ནགས་ཚལ་དོ་དམ་སྲུང་སྐྱོང་མི་སྣ་ཁྲི8.4ཡོད། 《བྱ་ཐབས》གཏན་འབེབས་བྱེདཔ་ལས་བོད་ལྗོངས་ཀྱི་ནགས་ཚལ་དོ་དམ་སྲུང་སྐྱོང་ཆུ་ཚད་ཡོངས་སུ་མཐོར་འདེགས་བྱུང་བར་ཕན་ནུས་གལ་ཆེན་ལྡན།

རང་སྐྱོང་ལྗོངས་ནགས་ལས་ཐིན་ཐོན་ཁུངས་སྲིད་འཛིན་ཁྲུའུ་ཡི་འགན་འཁུར་བས་བཤད་རྒྱུར། ང་ཚོས་ད་ལྟ་ནགས་ཚལ་དོ་དམ་སྲུང་སྐྱོང་ཆེད་ལས་རུ་ཁག19འཛུགས་པར་གྲ་སྒྲིག་བྱེད་བཞིན་ཡོད་ལ། སྤྱི་ཕན་ནགས་ཚལ་གྱི་ཆེད་ལས་དོ་དམ་སྲུང་སྐྱོང་རུ་ཁག་གི་ཚོད་ལྟ་བྱེད་ཡུལ་གཙོ་བོ་ལྷ་ས་དང་། ཉིང་ཁྲི། ཆབ་མདོ། ལྷོ་ཁ། གཞིས་རྩེ། ནག་ཆུ་བཅས་ས་ཁུལ་གྱི་རྫོང19རུ་ཁྱབ་ཡོད། སྤྱི་ཕན་ནགས་ཚལ་གྱི་ཆེད་ལས་དོ་དམ་སྲུང་སྐྱོང་རུ་ཁག་རེ་རེར་ཆེད་ལས་དོ་དམ་མི་སྣ5བཀོད་སྒྲིག་བྱེད་རྒྱུ་ཡིན་ཞིང་། དེའི་ནང་ཀྲན་ཀྲང1། ཀྲན་ཀྲང་གཞོན་པ1། ལས་བྱེད་མི་སྣ3བཅས་འདུས་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག