མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

མངའ་རིས་ས་ཁུལ་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་དམངས་ཀྱི་དཀའ་གནད་སེལ་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-11-10 10:43

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ལོ2011ལོའི་ཟླ10བཅུ་པའི་ནང་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་སྤེལ་འགོ་ཚུགས་ཚུན། མངའ་རིས་ས་ཁུལ་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག141དང་ལས་དོན་རུ་མི1688ཀྱིས་གཞི་རིམ་དུ་ཟབ་སྐྱོད་ཀྱིས་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་དམངས་ཀྱི་དཀའ་ངལ་སེལ་བ། འཐབ་ཇུས་འདོན་པ་བཅས་བྱས་ནས་སྔོན་ཐོན་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པ་བྱས་ཡོད་པ་རེད། རྒྱ་ཆེའི་གྲོང་ཚོར་བཅའ་སྡོད་ལས་བྱེད་པས་ཞིང་འབྲོག་མང་ཚོགས་ལ་ཕན་འབྲས་མཐོ་བའི་འདེབས་འཛུགས་གསོ་སྤེལ་འཕེལ་རྒྱས་དང་དཔལ་འབྱོར་ཁེ་ལས་གཉེར་བ། ཆེད་ལས་མཐུན་ཚོགས་འཛུགས་པ་སོགས་ཀྱི་ཐད་འཁྲིད་སྟོན་བྱས་ནས་འབྱོར་འབྲིང་ཕྱུག་འགྱུར་གྱི་གོམ་སྟབས་མགྱོགས་སུ་བཏང་ཡོད་པ་རེད།

 ལོ་གསུམ་ནང་ས་ཁུལ་དེ་ཡོངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་བཅའ་སྡོད་བྱེད་སའི་གྲོང་ཚོར་གོང་འཕེལ་གྱི་ཐབས་ལམ1390བཙལ་བ་དང་དཔལ་འབྱོར་མཉམ་ལས་རྩ་འཛུགས106འཕེལ་རྒྱས་བཏང་། ལས་ཡུན་ཐུང་བ་དང་བརྟན་པ། ཕན་འབྲས་ཐོན་མགྱོགས་པ་བཅས་ཀྱི་རྣམ་གྲངས377དོན་འཁྱོལ་བྱས་པར་མ་དངུལ་སྒོར་ཁྲི་ཚོ9410བཏང་ཡོད་པ་རེད། རྒྱ་ཆེའི་གྲོང་ཚོར་བཅའ་སྡོད་ལས་བྱེད་པས་གྲོང་ཚོའི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་ཤེས་རྟོགས་གཏིང་ཟབ་བྱས་པ་དང་། རང་འགུལ་ངང་མང་ཚོགས་ཀྱི་ཆེད་དུ་བྱ་བ་བཟང་པོ་སྒྲུབ་པ་དང་དཀའ་གནད་སེལ་རོགས་བྱས་ཡོད། ལོ་གསུམ་ནང་ས་ཁུལ་དེ་ཡོངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་མངོན་གསལ་དོད་པའི་གནད་དོན1810ཞིབ་བཤེར་ཐག་གཅོད་བྱས་པ་དང་མ་དངུལ་སྒོར་ཁྲི་ཚོ5320བཏང་ནས། མང་ཚོགས་ལ་དོན་དངོས་བྱ་བ5170སྒྲུབ་ཡོད་པ་རེད། གྲོང་ཚོར་བཅའ་སྡོད་ལས་བྱེད་པས་མང་ཚོགས་ལ་བསམ་བློའི་སློབ་གསོ་རྒྱག་ཤུགས་ཆེ་རུ་གཏོང་བ་དང་བརྟན་ལྷིང་སྲུང་སྐྱོང་གི་ལམ་སྲོལ་འཐུས་ཚང་བཟོ་བ། སྤྱི་ཚོགས་ཀྱི་འགལ་ཟླ་ཧུར་ཐག་སེལ་བ་སོགས་ཀྱི་བྱ་ཐབས་རབ་དང་རིམ་པ་བཟུང་ནས། མངའ་རིས་ས་ཁུལ་གྱི་སྤྱི་ཚོགས་དུས་བབ་རྒྱུན་བསྲིང་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།

ལོ་གསུམ་ནང་ས་ཁུལ་དེ་ཡོངས་ཀྱི་རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྣེ་འཁྲིད་དེ་གྲོང་ཚོ་དང་དུད་ཚང་དུ་བཅའ་སྡོད་བྱས་པ་དང༌། རྒྱ་ཆེའི་གྲོང་ཚོར་བཅའ་སྡོད་ལས་བྱེད་པས་རང་འགུལ་ངང་གཞི་རིམ་དུ་གཟབ་སྐྱོད་ཀྱིས་གནས་ཚུལ་ཤེས་རྟོགས་བྱས་པས། མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་ཕྱིན་པ་དང་ལས་ཀའི་ཇོན་ཐང་ཆེ་རུ་ཕྱིན་པ། ཕྱོགས་གང་ཕྱིར་སྦྱོང་བརྡར་ཐེབས་པ་བཅས་བྱུང་ཡོད་པ་རེད། ལོ་གསུམ་ནང་ས་ཁུལ་དེ་ཡོངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་བྱེད་པ1688ཀྱིས་ཁག་སོ་སོར་དབུལ་ཕོངས་དུད་ཚང3669དང་གཉེན་འབྲེལ་གྲོགས་འགྲིག་བྱས་པ། བཅའ་སྡོད་ལས་བྱེད་པར་མང་ཚོགས་ཀྱི་རེ་འདུན་ཞུ་ཡིག6836འབྱོར་བ་རྣམས་ཐོ་འགོད་བྱས་པ་མ་ཟད། དུས་ཐོག་ཏུ་ལན་རྒྱབ་པ་དང་ཐག་གཅོད་བྱེད་རོགས་བྱས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག