མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་དཔེ་མཛོད་ཁང་ནས་མངགས་གཏོང་བྱས་པའི་ལས་དོན་རུ་ཁག་གིས་དམངས་ཀྱི་ཆེད་དུ་བྱ་བ་བཟང་བོ་བསྒྲུབས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-11-09 10:41

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཀྱིས་མངགས་གཏོང་བྱས་པའི་སྦྲ་ཆེན་རྫོང་ཨར་ཤོག་ཤང་གི་གྲོང་ཚོ11པར་བཅའ་སྡོད་ལྗོངས་དཔེ་མཛོད་ཁང་གི་ལས་དོན་རུ་ཁག་གིས་གྲོང་ཚོར་བཅའ་སྡོད་བྱས་ཚུན། མངགས་གཏོང་ཚན་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། གྲོང་མིའི་རིག་གནས་འཚོ་བར་དོ་ཁུར་བྱེད་པ། རྨང་གཞིའི་སྒྲིག་བཀོད་ལེགས་བཅོས་བྱེད་པ། གྲོང་མིའི་དོན་དངོས་འཚོ་བའི་གནད་དོན་ཐག་གཅོད་བྱེད་པ་བཅས་བྱས་པར་བཅའ་སྡོད་བྱེད་ཡུལ་མང་ཚོགས་ཀྱི་དགའ་བསུ་ཐོབ་ཡོད་པ་རེད།

ད་ལོའི་སྤྱི་ཟླ9པའི་ཟླ་དཀྱིལ་དུ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཨར་ཤོག་ཤང་སྲིད་གཞུང་དང་མཉམ་འབྲེལ་ཐོག་ཨར་ཤོག་ཤང་སློབ་ཆུང་དུ་བོད་ལྗོངས་དཔེ་མཛོད་ཁང་གི་ལྟ་ཀློག་ཁྱབ་གདལ་ཞབས་ཞུའི་བྱེད་སྒོ་སྤེལ་ཏེ། མང་ཚོགས་ལ་རིན་ཐང་སྒོར་ཁྲི་ཁ་ལོན་པའི་དཔེ་དེབ་སོགས་སྤྲད་པ་དང་ཆབས་ཅིག་སྦྲ་ཆེན་རྫོང་ཨར་ཤོག་ཤང་རྟ་སྨད་གྲོང་ཚོར་བོད་ལྗོངས་དཔེ་མཛོད་ཁང་གི་ལྟ་ཀློག་ཁྱབ་གདལ་གཏོང་བའི་འབྲོག་པའི་སློབ་གྲྭ་བཙུགས་པ་རེད།

ད་ལོའི་སྤྱི་ཟླ7པར་ལས་དོན་རུ་ཁག་གིས་མ་དངུལ་སྒོར་ཉིས་ཁྲི་ལྷག་ཙམ་བཏང་ནས་འཚེམ་འཁོར་སོགས་སྒྲིག་ཆས་ཉོས་ཏེ། གྲོང་མི22སྒྲིག་འཛུགས་བྱས་ཏེ་བོད་ཆས་འཚེམས་བཟོ་ཁང་བཙུགས་པ་རེད། ད་ལོའི་སྤྱི་ཟླ9པར་ལས་དོན་རུ་ཁག་གིས་སླར་ཡང་མ་དངུལ་སྒོར་ཁྲི4བཏང་ནས་གྱོན་གོས་འཚེམས་བཟོ་ཁང་གི་ཁང་པ་བརྒྱབ་པ་མ་ཟད། སྦྲ་ཆེན་རྫོང་ཨར་ཤོག་ཤང་རྟ་སྨད་གྲོང་ཚོའི་རྟ་ལྗང་འབྲོག་པའི་དཔལ་འབྱོར་མཉམ་ལས་ཁང་བོད་ཆས་འཚེམས་བཟོ་ཁང་བཙུགས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག