མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཁྲེང་ཀོན་ཆུས་ཀྱིས་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-11-09 10:41

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བུད་མེད་ཀྱི་བདེ་ཐང་ལ་སེམས་ཁུར་བྱེད་པ་དང་། བུད་མེད་ཀྱི་བསམ་པའི་ཉམས་འགྱུར་ལེགས་སུ་གཏོང་བ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་རྒྱ་ཆེའི་བུད་མེད་ཀྱིས་རང་ཉིད་ཀྱི་བདེ་ཐང་གནས་ཚུལ་དེ་བས་ལེགས་པའི་སྒོ་ནས་ཤེས་རྟོགས་ཐུབ་པ། བུད་མེད་ཀྱི་བདེ་ཐང་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱ་ཆེད། ཉེ་ཆར་ཁྲེང་ཀོན་ཆུས་ཀྱིས་དེང་རབས་བུད་མེད་ཚན་ཁག་སྨན་ཁང་དང་མཉམ་འབྲེལ་བྱས་ཏེ་རྔ་ཆེན་ཤང་དང་ཉང་བྲན་ཤང་དུ་བུད་མེད་ཀྱི་བདེ་ཐང་ལ་སེམས་ཁུར་བྱེད་པའི་རིན་མེད་འོས་འགན་གྱི་སྨན་བཅོས་བྱེད་སྒོ་སྤེལ་བ་རེད།

ད་ཐེངས་ཀྱི་འོས་འགན་སྨན་བཅོས་བྱེད་པའི་གཟུགས་པོ་བརྟག་དཔྱད་ཀྱི་རྣམ་གྲངས་ནང་ཁྲག་བརྟག་དཔྱད་དང་། གཅིན་པ་བརྟག་དཔྱད། Bསྒྲ་རླབས། མངལ་ལམ་བརྟག་དཔྱད་སོགས་རྣམ་གྲངས་མང་པོ་ཚུད་ཡོད་ཅིང་། བྱེད་སྒོ་མཇུག་མ་འགྲིལ་བར་སྨན་བཅོས་དང་ལེན་ཞུ་མཁན་མི་ཐེངས370ལྷག་ཟིན་ཡོད། གཟུགས་པོར་བརྟག་དཔྱད་བྱེད་རིང་ལས་དོན་མི་སྣས་བརྟག་དཔྱད་ནན་པོ་བྱས་ཏེ་བརྟག་དཔྱད་ཀྱི་སྤུས་ཚད་འགན་ལེན་བྱས་པ་མ་ཟད། ད་དུང་བུད་མེད་ཀྱི་བདེ་ཐང་ཐད་ཀྱི་བློ་འདྲིར་ངང་རྒྱུད་རིང་པོས་འགྲེལ་བཤད་བརྒྱབ་ཐོག་རིན་མེད་ངང་སྨན་སྤྲད་པ་རེད།

གཟུགས་པོར་བརྟག་དཔྱད་བྱས་པ་བརྒྱུད་བུད་མེད་ཚོས་བུད་མེད་ཚན་ཁག་གི་བདེ་ཐང་ཤེས་བྱའི་ཐད་ཤེས་རྟོགས་ཐུབ་ཚད་སྔར་བས་ཆེ་རུ་ཕྱིན་པ་དང་། སྔ་མོ་ནས་ཤེས་རྟོགས་དང་། སྔ་མོ་ནས་བརྟག་དཔྱད། སྔ་མོ་ནས་སྨན་བཅོས་བཅས་བྱེད་ཐུབ་པ། བུད་མེད་ཀྱི་འཚོ་བའི་སྤུས་ཚད་དང་བདེ་ཐང་ཆུ་ཚད་སྔར་བས་མཐོ་རུ་སོང་བ་བཅས་བྱུང་ནས་རྒྱ་ཆེའི་བུད་མེད་ཀྱི་དགའ་བསུ་དང་ཁས་ལེན་གང་ལེགས་ཐོབ་ཡོད། ཁྲེང་ཀོན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀྱང་ལས་དོན་དེ་མུ་མཐུད་སྤེལ་རྒྱུ་ཡིན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག