མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་དང་བླངས་པའི་ཞབས་ཞུ་སྒྲིག་འཛུགས་བྱས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-11-09 10:40

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། གྲོང་ཚོའི་སློབ་ཆེན་སློབ་མའི་མི་ཤུགས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱ་ཆེད། ཉེ་ཆར་ཆུ་ཤུར་རྫོང་ཟས་ཕུ་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ལས་དོན་རུ་ཁག(ལྷ་ས་གྲོང་ཨུད་ཏང་གི་སློབ་གྲྭས་མངགས་པ)གིས་བཅའ་སྡོད་ཚན་པ་དང་། གུང་གཞོན་སྡེ་ཚོགས་ཆུ་ཤུར་རྫོང་ཨུད། རྟ་དཀར་ཤང་ཏང་ཨུད་བཅས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་གྲོང་ཚོའི་ནང་གི་སློབ་གྲྭར་སྐྱོད་མུས་ཀྱི་སློབ་ཆེན་སློབ་མ25སྒྲིག་འཛུགས་བྱས་ཏེ་དང་བླངས་ཞབས་ཞུའི་རུ་ཁག་བཙུགས་ནས་དང་བླངས་ཞབས་ཞུའི་བྱེད་སྒོ་ཧུར་ཐག་སྤེལ་བས་སྤྱི་ཚོགས་ཀྱི་ཕན་འབྲས་བཟང་པོ་ཐོན་པ་རེད།

སེམས་རྩ་འཁོལ་པོས་རྒན་བཀུར་རྒན་གཅེས་བྱས་པ། གྲོང་ཚོའི་བགྲེས་སོང་ཚོར་བདེ་སྐྱིད་སྤྲོ་སྣང་ལྡན་པའི་འཚོ་བའི་ཁོར་ཡུག་ཅིག་གཏོད་ཆེད། ལས་དོན་རུ་ཁག་གི་རུ་མིས་སློབ་ཆེན་དང་བླངས་ཞབས་ཞུ་རུ་ཁག་དང་མཉམ་དུ་གྲོང་ཚོའི་རྒན་གསོ་ཁང་དུ་བསྐྱོད་དེ་བགྲེས་སོང་ཚོར་གྱོན་ཆས་དང་། ཁ་གདན། ཉལ་ཆས། ཀམ་པ་ལི་སོགས་བཀྲུ་རོགས་བྱས་པ་མ་ཟད། བགྲེས་སོང་ཚོའི་སྒོ་ར་དང་ཉལ་ཁང་དུ་གཙང་སྦྲ་བྱས་པ་དང་། སྒོ་རའི་ནང་གི་རྩྭ་ངན་བཀོག་པ། ཐབ་ཆས་ལ་ཕྱི་བདར་བཏང་བ་སོགས་བྱས་ནས་བགྲེས་སོང་ཚོར་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཕན་བཏགས་ཡོད་པ་རེད། ངལ་རྩོལ་བྱེད་པའི་བརྒྱུད་རིམ་ནང་རུ་མི་ཚོས་བགྲེས་སོང་དང་ཅི་འཕྲོས་མོལ་འཕྲོས་བཤད་ནས་ཁོང་ཚོར་ཏང་གི་བཀའ་དྲིན་དང་སྲིད་གཞུང་གི་དྲོ་སྐྱིད་བློ་ལ་བརྟན་པོར་ངེས་པ་དང་། བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་པ། སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བཅས་བྱ་དགོས་པའི་ཁྲིད་སྟོན་བྱས་པ་རེད།

དཀའ་ངལ་ལ་མི་འཛེམས་པར་ལམ་སྐྱོང་བྱ་རྒྱུའི་དྲིལ་བསྒྲགས་བྱས་པ། ལྷ་གཞིས་ལྕགས་ལམ་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་ཙམ་ཡིན་པ་དང་མང་ཚོགས་ཁ་ཤས་ཀྱི་ལམ་སྐྱོང་འདུ་ཤེས་ཟབ་མོ་མེད་པའི་དོན་དངོས་ལ་དམིགས་ནས་ལས་དོན་རུ་ཁག་གི་རུ་མིས་སྟོན་བསྡུའི་སྐབས་དང་བསྟུན་ནས། སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུ་རུ་ཁག་དང་མཉམ་དུ་ཉིན་གཉིས་ནང་སྤྱི་ལེ30ལྷག་བསྐྱོད་དེ་ཚོགས་ཆུང8ཀྱི་མང་ཚོགས་ལ་ལམ་སྐྱོང་གི་དྲིལ་བསྒྲགས་དཔྱད་གཞི་སྤྲད་པ་རེད། དེ་དང་དུས་མཚུངས་གོ་བདེ་ཤེས་སླའི་སྐད་ཆ་དང་གསོན་ཉམས་ལྡན་པའི་གྱོད་དཔེ་དྲངས་ཏེ་མང་ཚོགས་ལ་ལྕགས་ལམ་བདེ་འཇགས་སྲུང་སྐྱོང་གི་དོན་སྙིང་གལ་ཆེན་དང་ལམ་སྐྱོང་ཐད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་ནས་ལམ་སྐྱོང་དྲིལ་བསྒྲགས་ལས་དོན་ནུས་ལྡན་ངང་སྤེལ་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག