མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ད་ལོའི་དུས་ཚིགས་སྔོན་མ་གསུམ་གྱི་ནང་བོད་ལྗོངས་ཀྱི་གནས་སྐོར་ཚོང་རར་འཕེལ་རྒྱས་ཆེན་པོ་བྱུང་བ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-11-09 10:29

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11སླེབས་པ་ནས་བཟུང་། གནམ་ཟླ་རིམ་བཞིན་ཇེ་འཁྱགས་སུ་འགྲོ་བཞིན་ཡོད། ཡིན་ཡང་བོད་ལྗོངས་ཀྱི་མཛེས་ལྗོངས་ཁུལ་སྐོར་ཞིག་ཏུ་ད་དུང་ནང་ལོག་ས་ཁུལ་གྱི་གནས་སྐོར་བ་མང་པོའི་རྒྱབ་གཟུགས་མཐོང་ཐུབ། ད་ལོའི་ཟླ1པོ་ནས་ཟླ9བའི་བར་བོད་ལྗོངས་ཀྱིས་བསྡོམས་པས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མི་ཐེངས་ཁྲི1284.56སྣེ་ལེན་བྱས་ཤིང་། གནས་སྐོར་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར163.82མངོན་འགྱུར་བྱས་ཡོད་དེ། ལོ་སྔོན་མའི་དུས་མཉམ་དང་བསྡུར་ན་སོ་སོ་ནས18.4%དང་23.6%འཕར་ཡོད་ཅིང་། བོད་ལྗོངས་ཀྱི་གནས་སྐོར་ཚོང་རར་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་རེད།

བོད་ལྗོངས་གནས་སྐོར་ཅུའུ་ཡིས་ཆེས་གསར་དུ་བསྡོམས་རྩིས་བྱས་པའི་གཞི་གྲངས་ལྟར་ན། ད་ལོའི་དུས་ཚིགས་སྔོན་མ་གསུམ་གྱི་ནང་། བོད་ལྗོངས་ཀྱི་གནས་སྐོར་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར163.82མངོན་འགྱུར་བྱས་ཡོད་དེ། དུས་ཚིགས་སྔོན་མ་གསུམ་གྱི་བོད་ལྗོངས་ཀྱིGDPཡི24.76%ཟིན། རྒྱལ་ནང་གི་གནས་སྐོར་བ་མི་ཐེངས་ཁྲི1269.59སྣེ་ལེན་བྱས་ཡོད་པ་དང་། ཕྱི་གླིང་བ་མི་ཐེངས་ཁྲི14.96སྣེ་ལེན་བྱས་ཡོད་དེ། དུས་མཉམ་དང་བསྡུར་ན་སོ་སོ་ནས18.4%དང8.70%བཅས་འཕར་ཡོད་པ་རེད།  །

 

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག