མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ད་ལོར་ལྷ་ས་གྲོང་ཁྱེར་གྱིས་སྤྱིལ་ཁྱིམ་ཁུལ་གྱི་ཁྱིམ་ཚང1394བསྒྱུར་བཀོད་བྱས།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-11-09 10:28

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས6ཉིན་གསར་འགོད་པས་ལྷ་ས་གྲོང་ཁྱེར་གྱི་སྡོད་ཁང་དང་གྲོང་ཁྱེར་འཛུགས་སྐྲུན་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2011ལོའི་ལྷ་ས་གྲོང་ཁྱེར་གྱི་སྤྱིལ་ཁྱིམ་ཁུལ(ཁང་རྙིང)བསྒྱུར་བཀོད་བྱ་བ་ཡོངས་སུ་སྤེལ་འགོ་བརྩམས་ཤིང་། ལྷ་ས་གྲོང་ཁྱེར་གྱིས་གཅིག་གྱུར་ངང་འཆར་འགོད་དང་། རྩ་འཛུགས་དང་ལག་བསྟར་ནན་མོ་བྱས་ཏེ། ལྷ་ས་གྲོང་ཁྱེར་གྱི་སྤྱིལ་ཁྱིམ་ཁུལ(ཁང་རྙིང)བསྒྱུར་བཀོད་བྱ་བའི་འཕེལ་རིམ་བདེ་བླག་ཡིན་པར་ཁག་ཐེག་བྱས།

2013ལོའི་ལོ་མཇུག་བར། འཆར་གཞི་ལྟར་ན་ལྷ་ས་གྲོང་ཁྱེར་གྱིས་གྲོང་རྡལ་གྱི་སྤྱི་ཁྱིམ་ཁུལ(ཁང་རྙིང)བསྡོམས་པས་ཁྱིམ་ཚང3725བསྒྱུར་བཀོད་བྱེད་རྒྱུ་ཡིན་ཞིང་། འཛུགས་སྐྲུན་གཞི་ཁྱོན་སྨི་གྲུ་བཞི་མ་ཁྲི54.37ཡོད་པ་དང་། བསྡོམས་མས་མ་དངུལ་སྒོར་དུང་ཕྱུར2.69ལྷག་བཏང་ཡོད། དོན་དངོས་སུ་ཁྱིམ་ཚང1501གི་ཁང་རྙིང་བསྒྱུར་བཀོད་བྱས་ཤིང་། ཁྲིན་ཀོན་ཆུས་ཐུན་ཅན་ཁུལ་ཆུང་གིས་ཁང་ཁྱིམ1000བསྒྱུར་བཀོད་བྱས་པ་དང་། ཁྲིན་ཀོན་ཆུས་ཀརྨ་དགོན་གསར་ཁུལ་ཆུང་གི་སྤྱིལ་ཁྱིམ་ཁུལ་གྱི་བསྒྱུར་བཀོད་བྱ་བ་དེ་དུས་རིམ་སྔོན་མའི་གྲ་སྒྲིག་གི་དུས་མཚམས་ལ་སླེབས་ཡོད།

2014ལོར་བོད་ལྗོངས་ཀྱིས་སྤྱིལ་ཁྱིམ་ཁུལ(ཁང་རྙིང)བསྒྱུར་བཀོད་བྱ་བའི་དམིགས་ཚད་ཁྱབ་བསྒྲགས་བྱས་ཤིང་། ལྷ་ས་གྲོང་ཁྱེར་གྱི་རྫོང5ཡི་ཁྱིམ་ཚང1394ནང་དུ་འདུས་ཡོད། འཛུགས་སྐྲུན་གཞི་ཁྱོན་སྨི་གྲུ་བཞི་མ་ཁྲི10.46ཡོད་པ་དང་། བསྡོམས་པས་མ་དངུལ་སྒོར་ཁྲི5576བཏང་ཡོད། ཟླ10བའི་ཟླ་དཀྱིལ་བར་དུ། སྟག་རྩེ་རྫོང་དང་། ལྷུན་གྲུབ་རྫོང་། འདམ་གཞུང་རྫོང་། ཆུ་ཤུར་རྫོང་བཅས་ཀྱིས་སོ་སོ་ནས་ལས་གཞི་ལག་བསྟར་བྱེད་འགོ་བརྩམས་ཤིང་། ཁྲིན་ཀོན་ཆུས་ཀྱི་སྤྱིལ་ཁྱིམ་ཁུལ་དེ་ས་གནས་འདེམས་ནས་གནས་སྤར་བའི་བྱ་བ་ལེགས་འགྲུབ་བྱུང་ཡོད། འཆར་གཞི་ལྟར་ན་རྫོང་སོ་སོའི་སྤྱིལ་ཁྱིམ་ཁུལ(ཁང་རྙིང)གྱི་བསྒྱུར་བཀོད་བྱ་བ་དེ2015ལོའི་ཟླ11པའི་ཟླ་མཇུག་བར་ལེགས་འགྲུབ་འབྱུང་རྒྱུ་རེད།  །

 

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག