མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ད་ལོའི་ཚུན་ཁྲེང་ཀོན་ཆུས་ཀྱིས་དམངས་འཚོ་ལེགས་བཅོས་ཀྱི་ལས་དོན་ལ་ཕན་འབྲས་བཟང་པོ་ཐོབ་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-11-07 10:43

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་འདི་ཤར་བའི་ཚུན་དུ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་གཙོ་གནད་ཐོག་དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བ། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་སྤྱིའི་ཆ་ནས་ཅུང་བརྟན་པོའི་ངང་འཕར་སྣོན་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་བྱས་པ་རེད།

སྤྱི་ཟླ1པོ་ནས9པའི་བར་ཁྲེང་ཀོན་ཆུས་ཀྱི་ས་ཁུལ་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར62.58དང་སྤྱི་ཚོགས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་སྒོར་དུང་ཕྱུར56.63ཟིན་རྩིས་ཡོད་པ་དང༌། ཞིང་འབྲོག་མང་ཚོགས་ཆ་སྙོམས་མི་རེའི་དངུལ་སྨར་ཡོང་འབབ་སྒོར6600ལྷག་ཟིན་རྩིས་ཡོད་པ་རེད།

 གོམ་སྟབས་རྗེས་མའི་ལས་ཀའི་ནང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་དཔལ་འབྱོར་སྒྲིག་གཞི་བསྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་བཏང་ནས། ལོ་ལྔ་ཚན་བཅུ་གསུམ་པའི་འཆར་གཞི་ཞིབ་ཚགས་བཟོས་ཏེ་ཁྲེང་ཀོན་ཆུས་མཆོངས་སྐྱོད་ལྟ་བུའི་གོང་འཕེལ་ཡོང་རྒྱུར་ཚན་རིག་དང་མཐུན་པའི་ཕྱོགས་སྟོན་བྱེད་རྒྱུ་ཡིན་པ་དང་དུས་མཚུངས། ས་གཙང་གི་སྐྱོན་བྲལ་ཐོན་ལས་གོང་འཕེལ་ཡོང་རྒྱུ་དམ་འཛིན་བྱས་ནས་གཙོ་གནད་ཐོག་འདེབས་འཛུགས་ལས་རིགས་དང་གསོ་སྤེལ་ལས་རིགས། སྔོ་ཚལ་ལས་སྣོན། བཀར་འཇུག་གྲང་མཛོད། ཏཱ་ཀྲའོ་གཏེར་ཆུ་སོགས་གཙོ་བོ་བྱེད་པའི་ས་གཙང་སྐྱོན་བྲལ་གྱི་ཐོན་ལས་རྣམ་གྲངས་དམ་འཛིན་བྱས་ནས་ས་གཙང་གི་སྐྱོན་བྲལ་ཐོན་ལས་ཀུང་སིའི་ཚན་རིག་དང་མཐུན་པའི་འཁོར་རྒྱུག་ལ་ཤུགས་སྣོན་རྒྱབ་སྟེ། དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་ཐོན་སྐྱེད་ལ་སྐུལ་འདེད་བཏང་ནས་ས་གཙང་གི་སྐྱོན་བྲལ་ཐོན་ལས་རྣམ་གྲངས་ཀྱིས་དམངས་འཚོ་ལེགས་སུ་གཏོང་རྒྱུའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག