མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཡོངས་ཀྱི་དུས་རིམ་གསུམ་པའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པའི་སྦྱོང་བརྡར་འཛིན་གྲྭ་སློབ་འགོ་ཚུགས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-11-07 10:43

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚེས4ཉིནབོད་ལྗོངས་ཡོངས་ཀྱི་དུས་རིམ་གསུམ་པའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པའི་སྦྱོང་བརྡར་འཛིན་གྲྭ་ལྷ་སར་སློབ་འགོ་ཚུགས་པ་དང༌། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། ལྗོངས་ཐད་གཏོགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་རྡོ་ཐོག་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

 རྡོ་ཐོག་གིས་རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་ཞུ་བྱས་ཏེ། རང་ལྗོངས་ཀྱི་གོང་འཕེལ་དང་བརྟན་ལྷིང་ཁྲོད་ཀྱི་རྒྱ་ཆེའི་བུད་མེད་ཀྱི་གནམ་ཕྱེད་ཀ་འདེགས་ཐུབ་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་ལས་དོན་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་ལས་དོན་ཁྲིམས་ལུགས་ཅན་དང་ལམ་ལུགས་ཅན། ཚད་ལྡན་ཅན་བཅས་སུ་འགྱུར་རྒྱུར་སྐུལ་སྤེལ་གཏོང་བ། དཔྱིད་ཀྱི་ཐིའུ་འཆར་གཞི་དང་མཛེས་སྡུག་ལྡན་ཤོས་ཀྱི་སྐལ་བཟང་མེ་ཏོག་ཞེས་པ་སོགས་ཀྱི་བྱེད་སྒོ་སྤེལ་ནས། སློབ་སྦྱོང་རྣམ་པ་དང་གསར་གཏོད་རྣམ་པ། ཞབས་ཞུའི་རྣམ་པ་བཅས་ཀྱི་བུད་མེད་མཉམ་འབྲེལ་རྩ་འཛུགས་འཛུགས་རྒྱུར་སྐུལ་སྤེལ་ཤུགས་ཆེ་གཏོང་བ་བཅས་བྱས་ནས། རིམ་ཁག་བུད་མེད་རྩ་འཛུགས་ཀྱི་གསར་གཏོད་ནུས་པ་དང་གོང་བུ་སྒྲིལ་ཤུགས། ལས་དོན་སྤེལ་ཤུགས་བཅས་ཆེ་རུ་གཏོང་བ་དང༌། དུས་བབ་གསར་པའི་འོག་བུད་མེད་ལས་དོན་གྱི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག