མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཟླ1པོ་ནས་ཟླ10བའི་བར་ཁྲིན་ཀོན་ཆུས་ཀྱི་གནས་སྐོར་ལས་རིགས་བདེ་བླག་ངང་འཕེལ་རྒྱས་བྱུང་བའི་རྣམ་པ་ཡག་པོ་མངོན།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-11-07 10:08

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཟླ1པོ་ནས་ཟླ10བའི་བར་བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲིན་ཀོན་ཆུས་ཀྱི་གནས་སྐོར་ལས་རིགས་བརྟན་རླིང་ངང་འཕེལ་རྒྱས་བྱུང་བཞིན་ཡོད་པ་དང་། གནས་སྐོར་ཡོང་སྒོ་དང་གནས་སྐོར་བ་སྣེ་ལེན་བྱེད་ཚད་སོ་སོ་ནས་ལོ་སྔོན་མའི་དུས་མཉམ་ལས་འཕར་སྣོན་བྱུང་ཡོད་དེ། གནས་སྐོར་ལས་རིགས་བདེ་བླག་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་བྱུང་བའི་རྣམ་པ་ཡག་པོ་མངོན།

བསྡོམས་རྩིས་བྱས་པ་ལྟར་ན། ད་ལོའི་ཟླ1པོ་ནས་ཟླ10བའི་བར། ཁྲིན་ཀོན་ཆུས་ཀྱི་གནས་སྐོར་སྤྱིའི་ཡོང་སྒོ་སྒོར་ཁྲི147048.37ལ་སླེབས་ཡོད་དེ། ལོ་སྔོན་མའི་དུས་མཉམ་ལས14.01%འཕར་ཡོད། དེའི་ནང་མགྲོན་ཁང་དང་ཆང་ཁང་ལས་རིགས་ཀྱི་ཡོང་སྒོ་སྒོར་ཁྲི17360.97ལ་སླེབས་ཡོད་ཅིང་། ལོ་སྔོན་མའི་དུས་མཉམ་ལས18.51%འཕར་ཡོད། གནས་སྐོར་བ་མི་ཐེངས5905018སྣེ་ལེན་བྱས་ཤིང་། ལོ་སྔོན་མའི་དུས་མཉམ་ལས15.8%འཕར། དེའི་ནང་རྒྱལ་ནང་གི་ཞག་སྡོད་གནས་སྐོར་བ་མི་ཐེངས5885466སྣེ་ལེན་བྱས་ཤིང་། ལོ་སྔོན་མའི་དུས་མཉམ་ལས15.9%འཕར། ཕྱི་གླིང་གི་ཞག་སྡོད་གནས་སྐོར་བ་མི་ཐེངས19552སྣེ་ལེན་བྱས་ཤིང་། ལོ་སྔོན་མའི་དུས་མཉམ་ལས18.5%ཇེ་ཉུང་དུ་སོང་ཡོད། ཉིན་གཅིག་གི་གནས་སྐོར་བ་མི་ཐེངས4387165སྣེ་ལེན་བྱས་པ་དང་། ལོ་སྔོན་མའི་དུས་མཉམ་ལས15.52%འཕར་ཡོད་དེ། གནས་སྐོར་བ་སྣེ་ལེན་སྤྱི་གྲངས་ཀྱི74.3%བཅས་ཟིན་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག