མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཉིང་ཁྲི་ས་ཁུལ་གྱིས་གནམ་གཤིས་ཞབས་ཞུ་འཕྲིན་ཕྲན་སྟེགས་བུ་བཙུགས་པ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-11-07 10:08

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། བོད་ལྗོངས་ཉིང་ཁྲི་ས་ཁུལ་སྤོ་མེས་རྫོང་གི་གནམ་གཤིས་འཕྲིན་ཕྲན་སྤྱི་དམངས་སྟེགས་བུ་སྟེ་སྤོ་མེས་རྫོང་གནམ་གཤིས་ཅུའུ་བཙུགས་པ་དང་བསྟུན་ནས། ཉིང་ཁྲི་རྫོང་དང་། སྨན་གླིང་རྫོང་། རྫ་ཡུལ་རྫོང་། སྤོ་མེས་རྫོང་བཅས་ས་ཁུལ་གཅིག་གི་རྫོང་གསུམ་གྱི་གནམ་གཤིས་སྡེ་ཁག་གིས་གནམ་གཤིས་ཞབས་ཞུ་འཕྲིན་ཕྲན་སྟེགས་བུ་ཤར་གཏོང་བྱས།

རྗེས་ཕྱོགས་ཉིང་ཁྲི་ས་ཁུལ་གྱི་གཤམ་གཤིས་སྡེ་ཁག་གིས་འཕྲིན་ཕྲན་གྱི་དྲིལ་སྒྲོག་བྱར་བ་ཤུགས་བསྣན་ཏེ། འཕྲིན་ཕྲན་གྱི་གནམ་གཤིས་ཞབས་ཞུ་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་ཡིན་པ་དང་། སྨྱན་བྱེད་གསར་བ་དང་སྲོལ་རྒྱུན་སྨྱན་བྱེད་ཀྱི་ཞབས་ཞུ་གཉིས་ཟུང་འབྲེལ་བྱེད་པ་བརྒྱུད་དེ། ཉིང་ཁྲི་ས་ཁུལ་གྱི་གནམ་གཤིས་ལས་དོན་འཕེལ་རྒྱས་བྱུང་བར་ཁོར་ཡུག་ལེགས་པོ་བསྐྲུན་རྒྱུ་ཡིན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག