མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

རྒྱ་བཟའ་ཀོང་ཇོ་ཞེས་པའི་དངོས་ལྗོངས་ཟློས་གར་ཆེ་གྲས་དུས་སང་སླར་ཡང་གཟིགས་མོ་བར་སྤྱན་འབུལ་ཞུ་རྒྱུ་ཡིན་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-11-06 11:12

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ལོ2014ལོའི་རྒྱ་བཟའ་ཀོང་ཇོ་ཞེས་པའི་དངོས་ལྗོངས་ཟློས་གར་ཆེ་གྲས་ལྷ་སར་འཁྲབ་སྦྱོང་ལེགས་སྒྲུབ་ཟིན་པ་དང༌། ཟློས་གར་དེ་སྔར་བས་ཕུན་སུམ་ཚོགས་སུ་བཏང་རྗེས་དུས་སང་སྤྱི་ཟླ4པར་སླར་ཡང་གཟིགས་མོ་སྤྱན་ལམ་དུ་འབུལ་ཞུ་རྒྱུ་རེད། སྤྱི་ལོ2014ལོའི་རྒྱ་བཟའ་ཀོང་ཇོ་ཞེས་པའི་དངོས་ལྗོངས་ཟློས་གར་ཆེ་གྲས་དེ་ད་ལོའི་སྤྱི་ཟླ4པའི་ཚེས20ཉིན་ནས་ད་བར་གཟིགས་མོ་བ་མི་ཐེངས་ཁྲི་ཚོ30ཙམ་ལ་གཟིགས་འབུལ་ཐེངས175ཞུས་པ་རེད། ན་ནིང་གི་རྨང་གཞིའི་ཐོག་ཟློས་གར་གི་ནང་དོན་དང་གར་སྟེགས་བཀོད་སྒྲིག་སོགས་བོད་ཀྱི་ས་ཁུལ་ཁག་གི་ཁྱད་ལྡན་རིག་གནས་མངོན་པ་བྱས་ཡོད། ཟློས་གར་ཧྲིལ་པོར་རིག་གནས་དང་ཡུལ་གོམས་གཤིས་ལུགས། རང་བྱུང་ཁོར་ཡུག འཁྲབ་རྩལ། མཐོ་གསར་ཚན་རྩལ་བཅས་ཕྱོགས་ལྔ་གཞི་གཅིག་ཅན་དུ་འགྱུར་བ་བྱས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག