མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་དཔེ་ཁང་ལས་གཞིའི་ལས་བྱེད་མི་སྣ་གསོ་སྦྱོང་བྱས་པ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-11-06 10:59

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཉིན་གཉིས་རིང་གི2014ལོའི་བོད་ལྗོངས་ཡོངས་ཀྱི་ཞིང་ཁྱིམ་དཔེ་ཁང་དང་། དགོན་སྡེའི་དཔེ་ཁང་དོ་དམ་དང་སྲུང་སྐྱོང་བེད་སྤྱོད་སྐོར་གྱི་གསོ་སྦྱོང་འཛུན་གྲྭ་དེ་ལྷ་ས་གྲོང་ཁྱེར་ནས་སྤེལ་འགོ་བརྩམས། བོད་ལྗོངས་ཀྱི་ས་ཁུལ་དང་རྫོང་སོ་སོའི་ཞིང་ཁྱིམ་དཔེ་ཁང་དང་། དགེན་སྡེའི་དཔེ་ཁང་ལས་གཞིའི་འཛུགས་སྐྲུན་མགོ་ཁྲིད་ཚོ་ཆུང་གཞུང་སྒྲུབ་ཁང་གི་ལས་བྱེད་མི་སྣ་དང་། དཔེ་ཁང་གི་དོ་དམ་མི་སྣ83གསོ་སྦྱོང་ཁྲོད་ཞུགས།

ཐེངས་འདིའི་གསོ་སྦྱོང་ནི་དཔེ་ཁང་བཟོ་སྐྲུན་གྱི་དོ་དམ་མི་སྣའི་བྱ་བའི་ནུས་བ་དང་ཆུ་ཚད་ཇེ་མཐོར་གཏོང་བར་དམིགས་ནས། དཔེ་ཁང་དོ་དམ་དང་སྲུང་སྐྱོང་། བེད་སྤྱོད་བྱེད་ཚུལ། པར་སྐྲུན་དཔེ་དེབ་ཁ་སྣོན། དཔེ་ཁང་འཛུགས་སྐྲུན་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་ཕྱོགས་ཀྱི་ཤེས་བྱ་ལ་སློབ་སྦྱོང་བྱས། དེ་མིན་ས་ཁུལ་སྐོར་ཞིག་གི་དཔེ་ཁང་དོ་དམ་སྲུང་སྐྱོང་ཉམས་མྱོང་བརྗེ་རེས་བྱས་པ་བརྒྱུད་དེ། ཞིང་ཁྱིམ་དཔེ་ཁང་དང་དགོན་སྡེའི་དཔེ་ཁང་གི་བཟོ་སྐྲུན་བྱ་བར་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག