མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ནག་ཆུ་ས་ཁུལ་གྱིས་གཤམ་སྤེལ་ལྔའི་བྱ་འགུལ་ཏན་ཏིག་སྤེལ་བ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-11-06 10:54

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱ་ཆེ་རོང་འབྲོག་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། ཏང་དང་སྲིད་གཞུང་གི་ཐུགས་ཁུར་གཞི་རིམ་དུ་གནང་ཆེད། ནག་ཆུ་ས་ཁུལ་གྱི་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་། རིག་གནས་ཅུའུ། འཕྲོད་བསྟེན་ཅུའུ། ཁྲིམས་འཛིན་སྡེ་ཁག་བཅས་ཀྱི་མཉམ་དུ་སྤེལ་བའི2014ལོའི“བདེ་སྐྱིད་ལྡན་པའི་ནག་ཆུ”ཞེས་པའི་ཚན་རྩལ་དང་། རིག་གནས། འཕྲོད་བསྟེན། ཁྲིམས་ལུགས། རྒྱལ་ཁབ་ལ་གཅེས་བ་དང་སློབ་གསོ་སྐྱོང་བའི་གཤམ་སྤེལ་ལྔའི་བྱ་འགུལ་ཨ་མདོ་རྫོང་དང་། ནག་ཆུ་རྫོང་སོགས་ནས་སྤེལ་བ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་གཤམ་སྤེལ་ལྔའི་བྱ་འགུལ་ཁྲོད་བསྡོམས་པས་རིག་རྩལ་འཁྲབ་སྟོན་ཐེངས9སྤེལ་བ་དང་། ལྟད་མོ་བ་མི་ཁྲི2ལྷག་ལ་སླེབས། མང་ཚོགས་མི་ཐེངས་ཁྲི1.2ལྷག་ལ་ནད་གཞི་བརྟག་དཔྱད་བྱས་པ་དང་། བསྡོམས་པས་སྒོར་མོའི་རིན་ཐང་ཁྲི5.5ལྷག་གི་བོད་སྨན་སྣ་ཁ30འགྲེམ་གཏོང་བྱས། དེ་མིན་ཁྲིམས་སྐྱོང་སྒྲོག་འགྲེལ་པས《དམངས་དོན་སྐོར་གྱི་ཁྲིམས་ལུགས》དང《གཉེན་སྒྲིག་བཅའ་ཁྲིམས》སོགས་ཁྲིམས་ལུགས་སྐོར་གྱི་འབྲེལ་ཡོད་ཤེས་བྱ་ཐེངས12ལ་སྒྲོག་འགྲེལ་བྱས་ཏེ། ཁྲིམས་ལུགས་དྲིལ་བསྒྲགས་དཔེ་ཆ་དང་ཡིག་ཆ་དེབ་ཁྲི1.5ལྷག་འགྲེམ་གཏོང་བྱས། ནག་ཆུ་ས་ཁུལ་ཚན་རྩལ་ཅུའུ་ཡི་ལག་རྩལ་མི་སྣས་མང་ཚོགས་ལ་རིན་མ་བླངས་པར་བརྙན་འཕྲིན་དང་ཉི་ནུས་འོག་གློག་ཆས། DVDབཅས་ཀྱི་ཁྱིམ་སྤྱོད་གློག་ཆས་ཞིག་གསོ་བྱས་ནས། ཚན་རིག་ཤེས་བྱ་ཁྱབ་གདལ་སྐོར་གྱི་དཔེ་ཆ་དེབ17550འགྲེམ་གཏོང་བྱས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག