མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཕོ་བྲང་པོ་ཏ་ལར་དགུན་དུས་ཀྱི་སྤ་སེའི་རིན་གོང་ལག་བསྟར་བྱེད་འགོ་ཚུགས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-11-05 10:44

དཔྱད་གཞིའི་པར་རིས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། སྤྱི་ཟླ11པའི་ཚེས1ཉིན་ནས་བཟུང་ཕོ་བྲང་པོ་ཏ་ལར་དགུན་དུས་ཀྱི་སྤ་སེའི་རིན་གོང་ལག་བསྟར་བྱེད་འགོ་ཚུགས་པ་དང༌། དབྱར་དུས་སྐབས་ཀྱི་མི་རེར་སྒོར་ཉིས་བརྒྱ་ཡིན་པ་ནས་མི་རེར་སྒོར་བརྒྱ་བར་དམའ་རུ་བཏང་ཡོད། ཕོ་བྲང་པོ་ཏ་ལའི་གཞུང་ཕྱོགས་དྲ་བས་སྐབས་དེ་དུས་གློལ་རྡུལ་གྱི་སྤ་སེ་མངག་ཉོ་བྱེད་མཚམས་འཇོག་རྒྱུ་རེད། ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའི་འགན་ཁུར་བས་གསར་འགོད་པར་ལོ་ལྟར་སྤྱི་ཟླ11པའི་ཚེས1ཉིན་ནས་ལོ་རྗེས་མའི་སྤྱི་ཟླ4པའི་ཚེས30ཉིན་བར་ཕོ་བྲང་པོ་ཏ་ལའི་སྤ་སེར་དགུན་དུས་ཀྱི་དོ་དམ་བྱ་ཐབས་ལག་བསྟར་བྱེད་ཀྱི་ཡོད་པ་རེད། ཡུལ་སྐོར་བས་སྔོན་ལ་མངག་ཉོ་བྱེད་མི་དགོས་པར་ཐད་ཀར་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་འཁྱེར་ནས་ཉིན་དེ་གའི་སྤ་སེ་ཉོས་ཏེ་ཕོ་བྲང་པོ་ཏ་ལར་ལྟ་སྐོར་བྱེད་ཆོག་གི་ཡོད། དེང་སྐབས་ཕོ་བྲང་པོ་ཏ་ལའི་སྒོ་དབྱེ་བའི་དུས་ཚོད་ནི་ཆུ་ཚོད9:30ཡིན་པ་དང་། སྒོ་བརྒྱབ་པའི་དུས་ཚོད་ནི་ཕྱི་དྲོའི་ཆུ་ཚོད4ཡིན་པ་རེད་ཅེས་བཤད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག