མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

གཞིས་རྩེ་ས་ཁུལ་ངམ་རིང་རྫོང་གི་སློབ་གསོ་ལག་ལེན་བྱེད་སྒོར་ཕན་འབྲས་བཟོང་བོ་ཐོབ་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-11-04 10:22

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོའི་ལག་ལེན་བྱེད་སྒོའི་ནང་གཞིས་རྩེ་ས་ཁུལ་ངམ་རིང་རྫོང་གིས་བཅོས་སྒྲིག་དོན་འཁྱོལ་དང་སྒྲིག་སྲོལ། ལམ་ལུགས་འཛུགས་པའི་ལས་ཀར་སྐུལ་འདེད་ཏན་ཏིག་བཏང་ནས་སློབ་གསོ་ལག་ལེན་བྱེད་སྒོ་གཡོ་ཟོལ་མེད་པ་དང་སྟོང་བཤད་མེད་པ། ཡོ་འཁྱོག་མེད་པ། རྣམ་པ་ཙམ་མ་ཡིན་པ་བཅས་ཡོང་རྒྱུ་འགན་ལེན་བྱས་ཏེ་མང་ཚོགས་ཚོས་ཕན་འབྲས་མཐོང་ཐུབ་པ་བྱས།

བྱེད་སྒོའི་ནང་ངམ་རིང་རྫོང་གི་རིམ་ཁག་ཏང་ཨུད་དང་ཏང་རྩ་འཛུགས་ཀྱིས་སྤྱོད་ཚུལ་བཞིའི་གནད་དོན་དང་བསྟུན་ནས། ཁག་རེ་རེ་བཞིན་དབྱེ་ནས་གནད་དོན་གྱི་ཟིན་ཐོ་འགོད་པ་དང༌། བཅོས་སྒྲིག་གི་ཁ་ཕྱོགས་གསལ་སྟོན་བྱས་ཏེ་དམིགས་ས་ཡོད་པའི་སྒོ་ནས་བཅོས་སྒྲིག་གི་བྱ་ཐབས་དང་དུས་བཀག་བཏོན་ཡོད་པ་དང༌། དོན་དངོས་དང་མི་མཐུན་པའི་ལས་ཀའི་སྙན་ཞུ་ཚོགས་འདུ་ཆེ་གྲས་མེད་པ་བཟོས་པ། ཚོགས་འདུ་ཚོགས་ཚད་དུས་མཚུངས་ལས30%ཆག་ཡོད་པ་རེད། རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ལས་འགན་སྒྲུབ་ཚུལ་དང་སྤྱོད་གཙང་བསྐྱངས་ཚུལ་གསལ་ཞུ་བྱས་པའི་སྙན་ཞུའི་ལམ་ལུགས་བཟོས་ཏེ། རྫོང་ཨུ་ཡོན་ལྷན་ཁང་གི་བཅོས་སྒྲིག་དོན་འཁྱོལ་གྱི་ཇུས་གཞིའི་ནང་ཚུད་པའི་ནོར་སྲིད་དང་གཞུང་ལས་ཀྱི་སྣེ་ལེན། ཆ་འཕྲིན་ཡོངས་བསྒྲགས་སོགས་ཀྱི་ཐད་ལམ་ལུགས་འཛུགས་སྐྱོང་གི་འཕེལ་རིམ་ལ་སྐུལ་འདེད་གཏོང་མགྱོགས་སུ་བཏང་བ་རེད།

 སློབ་གསོའི་ལག་ལེན་བྱེད་སྒོའི་ནང་ངམ་རིང་རྫོང་གིས་ལས་དོན་ཚོགས་ཆུང་སྒྲིག་འཛུགས་བྱས་ནས། ཤང་གྲོང་རྡལ17ལ་སྐྱོད་པའི་བཅོས་སྒྲིག་གི་ཇུས་གཞི་དང་ལམ་ལུགས་བཟོ་བཅོས་བྱེད་པའི་བསམ་འཆར། གྲོས་འགོ་བསྡུ་ལེན་བྱས་པས་བཅོས་སྒྲིག་གི་བསམ་འཆར་དང་གྲོས་འགོ82བསྡུ་ལེན་ཐུབ་པ་དང་། དོན་ཚན10ཕྱོགས་བསྡུས་དང་ལེགས་སྒྲིག་བྱེད་པ། བཅོས་སྒྲིག་གི་ནང་དོན་དང༌དམིགས་ཚད། དུས་བཀག འགན་འཁྲི། འཕེལ་རིམ་བཅས་ཀྱི་གནས་ཚུལ་དུས་བཀག་ལྟར་ཡོངས་བསྒྲགས་བྱེད་པ་དང་། མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ། དམངས་གཙོའི་དཔྱད་བསྡུར་དང་དམངས་ཀྱི་འདོད་བློ་བརྟག་ཞིབ་སོགས་ཀྱི་བྱ་ཐབས་བརྒྱུད་མང་ཚོགས་ལ་བརྡར་ཤ་གཅོད་དུ་འཇུག་པ་བཅས་བྱས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག