མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་གློག་སྒྱུར་ས་ཚིགས་བཟོ་སྐྲུན་ལེགས་འགྲུབ་བྱུང་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-11-02 10:21

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10པའི་ཚེས29ཉིན་ཧུའུ་པེ་ཞིང་ཆེན་གྱི་གློག་སྐྱེལ་གློག་སྒྱུར་ལས་གྲྭ་ཀུང་སིས་གནས་ཚུལ་ཡོངས་བསྒྲགས་བྱས་ཏེ། ཀྲུང་གོའི་གློག་ཤུགས་མཁའ་ལམ་གཉིས་པའི་ཁྲོན་བོད་དྲ་སྦྲེལ་ལས་གྲྭའི་གྲུབ་ཆ་གལ་ཆེན་ཡིན་པའི་ངོས་ནས་ཀུང་སི་དེས་བསྐྲུན་འགན་ཁུར་བའི་འཛམ་གླིང་གི་ས་བབ་མཐོ་ཤོས་ཡིན་པའི་སྤང་མདའི་ཆན་ཕུའུ220ཡི་གློག་སྒྱུར་ས་ཚིགས་དེ་ཚེས28ཉིན་གྱི་ཕྱི་དྲོ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4335ཡོད་པའི་བོད་ལྗོངས་ཆབ་མདོ་ས་ཁུལ་དཔའ་ཤོད་རྫོང་དུ་ཨར་སྐྲུན་ལེགས་འགྲུབ་བྱུང་བ་དང་འབྲེལ་ཚོད་ལྟའི་འཁོར་རྒྱུག་དུས་མཚམས་སུ་སླེབས་ཡོད་ཅེས་བཤད་པ་རེད།

ཁྲོན་བོད་དྲ་སྦྲེལ་ལས་གྲྭ་ནི་མཚོ་བོད་དྲ་སྦྲེལ་ལས་གྲྭའི་རྗེས་ཀྱི་འཛམ་གླིང་ཐོག་གི་ས་གཤིས་གྲུབ་ཆ་རྙོག་འཛིང་ཆེ་ཤོས་དང་འཛུགས་སྐྲུན་གྱི་འགྲན་སློང་ཆེ་ཤོས་ལྡན་པའི་ས་མཐོའི་མཐོ་གནོན་སྤེལ་རྒྱུག་གློག་སྐྱེལ་གློག་སྒྱུར་ལས་གྲྭ་ཞིག་རེད། ལས་གྲྭ་དེ་སི་ཁྲོན་ཤང་ཁྲེང་ནས་འགོ་བཙུགས་པ་དང་བོད་ལྗོངས་ཆབ་མདོར་མཇུག་འགྲིལ་ཞིང་། སྤང་མདའ་དང་གཡུ་ལུང་གི་ཆན་ཕུའུ220ཡོད་པའི་གློག་སྒྱུར་ས་ཚིགས་གཉིས་དང་། ཆབ་མདོ་དང་འབའ་ཐང་གི་ཆན་ཕུའུ500ཡོད་པའི་གློག་སྒྱུར་ས་ཚིགས་དང་དེ་བཞིན་ཆན་ཕུའུ110ཡན་གྱི་གློག་ལམ་སྤྱི་ལེ1500གསར་སྐྲུན་བྱེད་བཞིན་ཡོད་པ་དེ་རྒྱལ་ཁབ་གློག་དྲ་ཀུང་སིས་མ་འཇོག་འཛུགས་སྐྲུན་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག