མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷོ་ཁ་ས་ཁུལ་གྱིས་བོད་རྒྱ་སྐད་གཉིས་སྦྱོང་བའི་སློབ་གསོའི་བྱ་འགུལ་སྤེལ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-11-02 10:19

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་གོ་སྐབས་དང་བསྟུན་ནས་ལྷོ་ཁ་ས་ཁུལ་གྱིས“བོད་རྒྱ་སྐད་གཉིས་སྦྱོང་བའི་སློབ་གསོའི་བྱ་འགུལ”དེ་གལ་ཆེའི་ནང་དོན་ལ་བརྩིས་ནས་ནན་ཏན་གྱིས་སྤེལ།

ཡར་ཀླུང་ས་ཆའི་གྲོང་གསེབ་དང་འབྲོག་ཁུལ་དུ་བོད་རྒྱ་སྐད་གཉིས་སྦྱོང་བའི་ཚ་རླབས་ཤིག་འཕྱུར་ཞིང་། ད་ལྟ། རོང་འབྲོག་མང་ཚོགས་མང་བོ་རི་གྲོང་ནས་ཐོན་ཏེ་ཕྱུག་འགྱུར་ལམ་བུ་འཚོལ་བཞིན་པ་མ་ཟད། རྒྱ་རིགས་ལས་བྱེད་པ་དེ་བས་མང་བོ་གཞི་རིམ་དུ་གཞི་ཚུགས་ནས་རོང་འབྲོག་མང་ཚོགས་ལ་ཞབས་འདེགས་ཞུ་བཞིན་ཡོད། ཁོ་ཚོས་དུས་རྒྱུན་གྱི་འཚོ་བ་དང་ལས་ཀའི་ཁྲོད་ཕན་ཚུན་བོད་སྐད་དང་རྒྱ་སྐད་སློབ་རེས་བྱེད་ཀྱིན་ཡོད་པས“བོད་རྒྱ་སྐད་གཉིས”སློབ་སྦྱོང་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད་ལ། བོད་རྒྱ་སྐད་གཉིས་ཀྱིས་ལས་བྱེད་པ་དང་མང་ཚོགས་བར་སེམས་མཐུན་ཟམ་པ་བཙུགས།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག