མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

རི་སྐྱེས་སྲོག་ཆགས་ཀྱི་བདེ་སྐྱིད་ཞིང་ཁམས།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-10-30 11:19

བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་ཅི་དགར་འཚོ་སྡོད་བྱེད་བཞིན་པའི་རྐྱང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མངའ་རིས་ས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི34.5ཟིན་པ་དང་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི4500ཡན་གྱི་སར་གནས་ཡོད། དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུའི་རྗེས་རང་རྒྱལ་གྱིས་ཆེད་མངགས་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་བཙུགས་པ་དང་། ཧ་ལམ་མངའ་རིས་ས་ཁུལ་ཧྲིལ་པོ་སྲུང་སྐྱོབ་ཁུལ་ནང་བཅུག་ཡོད་པ་རེད། ཉེ་བའི་ལོའི་ནང་རང་རྒྱལ་གྱིས་ཁྲིམས་འགལ་རྔོན་རྒྱག་ལ་རྡུང་འདེད་ནན་པོ་བཏང་ནས་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་བས། མངའ་རིས་ས་ཁུལ་ཁོངས་གཏོགས་ཀྱི་རི་སྐྱེས་སྲོག་ཆགས་ཀྱི་ཁ་གྲངས་ཉིན་རེ་བཞིན་མང་དུ་འགྲོ་བཞིན་ཡོད་པ་རེད།

མངའ་རིས་ས་ཁུལ་ནགས་ལས་ཅུས་ཀྱིས་མཁོ་འདོན་བྱས་པའི་གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན། ད་ལྟའི་བར་མངའ་རིས་ས་ཁུལ་གྱི་ཁོངས་སུ་རྒྱལ་ཁབ་རིམ་པའི་གཙོ་གནད་སྲུང་སྐྱོབ་སྲོག་ཆགས་རིགས19ལྷག་ཡོད་པའི་ནང་། རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་སྲོག་ཆགས་རིགས7དང་། རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོབ་སྲོགས་ཆགས་རིགས12ཡོད་པ་མ་ཟད། རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོབ་གྲས་སུ་ཚུད་པའི་རྐྱང་མགོ་གྲངས་ཁྲི3.7ལྷག་དང་། གཙོད་མགོ་གྲངས ཁྲི6། གསའ་མགོ་གྲངས200། འབྲོང་མགོ་གྲངས་ཁྲི2.5། འབྲོང་ཁམ་པ་མགོ་གྲངས180། ཁྲུང་ཁྲུང་སྐེ་ནག500ལྷག་འཚོ་སྡོད་བྱེད་བཞིན་ཡོད་པས། མངའ་རིས་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དེ་ནི་ད་ལྟའི་ཆར་རི་སྐྱེས་སྲོག་ཆགས་ཀྱི་བདེ་སྐྱིད་ཞིང་ཁམས་ཤིག་ལ་གྱུར་ཡོད་པ་རེད།  །

བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནང་འཚོ་སྡོད་བྱེད་བཞིན་པའི་གླ་བ།

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག