མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ལྡན་གཙུག་ལག་ཁང་གི་རྒྱ་ཕིབས་ཉམས་གསོ་ལས་གཞི་མཇུག་སྒྲིལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   2014-10-30 11:19

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷ་ལྡན་གཙུག་ལག་ཁང་གི་རྒྱ་ཕིབས་ལྔ་ཡི་ཉམས་གསོ་ལས་གཞི་མཇུག་སྒྲིལ་བ་མ་ཟད་ཐོག་མའི་ཞིབ་བཤེར་རྩིས་ལེན་བྱས། ཚེས28ཉིན་རྒྱ་ཕིབས་ཉམས་གསོའི་ལས་གྲྭའི་འགན་འཁུར་བ་རྡོ་རྗེ་ཚེ་རིང་གིས་ངོ་སྤྲོད་བྱས་པར། ཉམས་གསོའི་ལས་གཞི་ཧྲིལ་པོའི་ནང་དུ་ཇོ་ཁང་དང་བྱམས་པ་ལྷ་ཁང་། སྲོང་བཙན་སྒམ་པོའི་ལྷ་ཁང་སོགས་ལྷ་ཁང་ཆེ་བ་ལྔ་ཡི་རྒྱ་ཕིབས་དང་རྐྱང་ངོས་ཆ་ཤས་ཞིག་ཚུད་ཡོད་ལ། སྤྱིའི་རྒྱ་ཁྱོན་སྨི་གྲུ་བཞི་མ3743ཙམ་ཟིན་ཡོད།

གཙུག་ལག་ཁང་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་པ་བུ་ཆུང་ཚེ་རིང་གིས་ངོ་སྤྲོད་བྱས་པར། ལོ་ངོ300ཙམ་གྱི་ཉི་མའི་ཚ་ཟེར་དང་ཆར་ཆུ་ཡི་བརླན་བཤེར་འོག་གཙུག་ལག་ཁང་གི་རྒྱ་ཕིབས་རིམ་བཞིན་འོད་མདངས་ཉམས་ཡོད་པ་དང་དུས་མཚུངས་ས་ཆ་ཁ་ཤས་ལ་སེར་ཁ་རྒྱས་ཡོད། ཆར་ཆུ་ཡིས་གདུང་མ་བརླན་ནས་ཉེན་ཁ་ཆེ་བའི་གནས་ཚུལ་ཐོན་པར་བརྟེན། གཙུག་ལག་ཁང་གིས་མ་དངུལ་སྒོར་ཁྲི2900ཡིས་ཚོགས་ཆེན་འདུ་ཁང་གི་རྒྱ་ཕིབས་ལ་ཉམས་གསོ་བྱས་པ་དང་། 2011ལོར་གཙུག་ལག་ཁང་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཁྱོན་ཡོངས་ནས་རྒྱ་ཕིབས་ཉམས་གསོའི་ལས་གཞི་འགོ་བཙུགས་པ། ཉམས་གསོའི་ལས་གཞི་ཐེངས་གཉིས་ལ་བོད་ལྗོངས་དང་ལྷ་ས་གྲོང་ཁྱེར་དེ་བཞིན་གཙུག་ལག་ཁང་སོགས་ཀྱི་མ་དངུལ་བསྡོམས་པས་སྒོར་ཁྲི4400ལྷག་བཏང་ཡོད་ལ། དེ་དག་ལས་རྒྱ་ཕིབས་ཐོག་གསེར་ཆུ་གཏོང་བྱེད་ཀྱི་གསེར་ནི་རིན་ཐང་དཔག་དཀའ་བ་ཞིག་རེད། ཐེངས་འདིའི་ཉམས་གསོའི་ལས་གཞི་དེ་ཡང་ལོ་རྒྱུས་ཐོག་གི་རྒྱ་ཁྱོན་ཆེས་ཆེ་བའི་ཉམས་གསོ་ཐེངས་ཞིག་ཡིན།

བུ་ཆུང་ཚེ་རིང་གིས་བཤད་རྒྱུར། ཉམས་བཟོའི་ལས་གྲྭ་དེ་ཡོངས་ལ་བོད་མི་རིགས་ཀྱི་སྲོལ་རྒྱུན་བཟོ་རྩལ་སྤྱད་ཡོད་པ་མ་ཟད། ལས་འགོ་འཛུགས་པ་དང་ལས་མཇུག་སྒྲིལ་བའི་བྱེད་སྒོ་དེ་ཡང་སྲོལ་རྒྱུན་གྱི་རྣམ་པ་ལྟར་སྤེལ་རྒྱུ་ཡིན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག