མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་རང་སྐྱོང་ལྗོངས་ཀྱི་རྟོག་ཞིབ་ཚན་པས་མཚེའུ་གཙོ་བོའི་སྲུང་སྐྱོབ་གནས་ཚུལ་ལ་རྟོག་ཞིབ་བྱས།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-29 10:59

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་སྤེན་པ་བཀྲ་ཤིས་ཀྱིས་རྟོག་ཞིབ་ཚན་པ་ཁྲིད་དེ་ཡར་འབྲོག་གཡུ་མཚོའི་འབབ་རྒྱུད་ཀྱི་མཚེའུ་གཙོ་བོའི་སྲུང་སྐྱོབ་གནས་ཚུལ་ལ་ཆེད་དུ་རྟོག་ཞིབ་བྱས། རྟོག་ཞིབ་ཚན་པ་སྔ་གཞུག་ཏུ་ཡར་འབྲོག་གཡུ་མཚོ་ཉེ་འདེབས་ཀྱི་གོང་དཀར་རྫོང་དང་། སྣང་དཀར་རྩེ་རྫོང་གི་ཤང་གྲོང4ལ་ཡུལ་དངོས་ནས་རྟོག་ཞིབ་བྱས་ཏེ། ཡར་འབྲོག་གཡུ་མཚོའི་སྲུང་སྐྱོང་གནས་བབ་དང་ཉེ་འདེབས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས།

རྟོག་ཞིབ་ཚན་པས་བསྟན་དོན། ལྷོ་ཁ་ས་ཁུལ་གྱི་ས་གནས་ཨུ་ཡོན་ལྷན་ཁང་དང་། སྲིད་གཞུང་གིས་ཡར་འབྲོག་གཡུ་མཚོའི་འབབ་རྒྱུད་ཀྱི་མཚེའུ་གཙོ་བོའི་སྲུང་སྐྱོབ་གནས་ཚུལ་ལ་མཐོང་ཆེན་གནང་སྟེ། སྲུང་སྐྱོབ་བྱེད་ཐབས་ནུས་ལྡན་བེད་སྤྱད་དེ། སྲུང་སྐྱོབ་ཐད་ཀྱི་མ་དངུལ་གཏོང་ཚད་ཇེ་མང་དུ་བཏང་ནས། ཚན་རིག་དང་མཐུན་པའི་སྒོ་ནས་གསར་སྤེལ་དང་བེད་སྤྱོད་འོས་འཚམ་བྱེད་དགོས་ཟེར། ད་ལྟ་ཡར་འབྲོག་གཡུ་མཚོའི་སྐྱེ་ཁམས་མ་ལག་དེ་གདོད་མའི་རྣམ་པ་ཕལ་ཆེར་རྒྱུན་འཁྱུངས་བྱས་ཡོད་དེ། སྐྱེ་ཁམས་གནས་ཚུལ་ཅུང་ལེགས་ཤིང་། སྐྱེ་ཁམས་སྲུང་སྐྱོབ་བྱ་བར་གྲུབ་འབྲས་མངོན་གསལ་བླངས་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག