མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

མལ་གྲོ་གོང་དཀར་རྫོང་གི་ལས་ཁུངས་མང་པོ་མཉམ་འབྲེལ་བྱས་ཏེ་གཤམ་སྤེལ་ལྔའི་བྱ་འགུལ་སྤེལ་བ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-29 10:54

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གོང་དཀར་རྫོང་གི་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་། འཕྲོད་བསྟེན་ཅུའུ། ཞིང་ཕྱུགས་ཚན་རྩལ་ཅུའུ། ཁྲིམས་འཛིན་ཅུའུ། སྲོང་བཙན་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་བཅས་ཀྱིས་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན། ཁྲིམས་ལུགས། རྒྱལ་གཅེས་དྲིལ་བསྒྲགས་ཞབས་ཞུ་བཅས་ཀྱི་གཤམ་སྤེལ་ལྔའི་བྱ་འགུལ་སྤེལ་བ་རེད།

བྱ་འགུལ་སྤེལ་སའི་ཡུལ་དངོས་སུ། མལ་གྲོ་གོང་དཀར་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་མང་ཚོགས་རྣམས་ལ་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་སྤེལ་ཏེ། གར་སྟེགས་འོག་ནས་དྲིལ་བསྒྲགས་འདྲི་རྟོགས་ཞབས་ཞུ་ས་ཚིགས་བཀོད་སྒྲིག་བྱས་ནས་སྨན་བཅོས་བྱེད་པ་དང་། ཁྲིམས་ལུགས་ཁྲིམས་སྲོལ། འཕྲོད་བསྟེན་བདེ་ཐང་། ཞིང་ལས་ཚན་རྩལ་སོགས་ཀྱི་འདྲི་རྟོགས་ཞབས་ཞུ་བྱ་འགུལ་སྤེལ། བྱ་འགུལ་ལས་ཉེ་འདེབས་ཀྱི་མང་ཚོགས2800ལྷག་གི་ཡིད་དབང་བཀུག་ཏེ་བྱ་འགུལ་ཁྲོད་ཞུགས། བསྡོམས་པས་ཁྲིམས་འཛིན་དང་། ཚན་སློབ། རྒྱལ་གཅེས་དང་སློབ་གཉེར་སོགས་ཀྱི་འབྲེལ་ཡོད་དྲིལ་བསྒྲགས་ཡིག་ཆ་1200ལྷག་འགྲེམ་གཏོང་བྱས། དེ་མིན་རྫོང་སྨན་ཁང་གི་སྨན་བཅས་མི་སྣས་མང་ཚོགས1000ལྷག་གི་ནད་ལ་བརྟག་དཔྱད་བྱས་ཏེ། རིན་མ་བླངས་པར་སྒོར་མོའི་རིན་ཐང་ཁྲི1ལྷག་གི་སྨན་རྫས་གནང་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག