མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཀྲུང་གོའི་བོད་ཀྱི་སྒྱུ་རྩལ་ཚོགས་པས་ཨ་ཧྥེ་རི་ཁར་འཚམས་འདྲིའི་འཁྲབ་སྟོན་བྱས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-10-28 11:03

ཀྲུང་གོའི་བོད་ཀྱི་སྒྱུ་རྩལ་ཚོགས་པས་ཨ་ཧྥེ་རི་ཁར་འཚམས་འདྲིའི་འཁྲབ་སྟོན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོའི་བོད་ལྗོངས་སྒྱུ་རྩལ་ཚོགས་པའི་ཚོགས་གཙོ། བོད་རང་སྐྱོང་ལྗོངས་རིག་གནས་ཐིན་གྱི་གི་ཐིན་ཀྲང་ཉི་མ་ཚེ་རིང་གི་ངོ་སྤྲོད་གནང་བ་ལྟར་ན། ད་ཐེངས་རིག་གནས་པུས་གཙོ་སྒྲུབ་གནང་བའི་ཀྲུང་གོའི་བོད་ལྗོངས་བཀྲ་ཤིས་བདེ་ལེགས་ཞེས་པའི་ཨ་ཕི་རི་ཁར་འཚམས་འདྲི་བྱེད་པའི་འཁྲབ་སྟོན་ཚོགས་པས་ཅིན་པ་པུ་འུ་དང་མའོ་ལི་ཆུའུ་སིར་འཚམས་འདྲིའི་འཁྲབ་སྟོན་ཁག་གཉིས་བྱས་པ་དང་། ཁག་སོ་སོར་འཁྲབ་ཚན16རེ་གཟིགས་མོ་བའི་སྤྱན་ལམ་དུ་དྲངས་ཡོད་པ་མ་ཟད། འཁྲབ་ཚན་གྱི་ནང་དོན་ཐད་གཞིས་རྩེའི་སྒྲ་སྙན་ཞབས་བྲོ་དང་། ལྷ་སའི་ནང་མ་སྟོད་གཞས། དེ་བཞིན་ཆབ་མདོའི་བྲོ་དང་ལྷོ་ཁའི་སྒོར་གཞས་སོགས་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པས། དེས་ཨ་ཧྥི་རི་ཁའི་མི་དམངས་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་བོད་ལྗོངས་ལ་རྒྱུས་ལོན་བྱེད་པར་ཕན་པ་ཆེན་པོ་ཐོབ་ཡོད་པ་རེད།

འཁྲབ་སྟོན་མི་སྣས་ལྷོ་ཁའི་སྒོར་གཞས་འཁྲབ་སྟོན་བྱེད་བཞིན་པ།

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག