མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་དབུལ་ཕོངས་ས་ཁུལ་གྱི་བྱིས་པའི་འཚོ་བཅུད་ཇེ་ལེགས་སུ་གཏོང་བའི་རྣམ་གྲངས་ལག་བསྟར་བྱས།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-28 10:38

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་རིང་ལ། བོད་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར5ཡི་རྫོང35ཡིས་དབུལ་ཕོངས་ས་ཁུལ་གྱི་བྱིས་པའི་འཚོ་བཅུད་ཇེ་ལེགས་སུ་གཏོང་བའི་རྣམ་གྲངས་ལག་བསྟར་བྱས། རྒྱུས་ལོན་བྱུང་བ་ལྟར་ན། རྣམ་གྲངས་འདི་ནི《ཀྲུང་གོའི་བྱིས་པའི་འཕེལ་རྒྱས་རྩ་གནད2011-2020ལོ)》དངོས་འབེབས་བྱེད་པ་དང་། བྱིས་པའི་བདེ་ཐང་འགན་སྲུང་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་པ་མ་ཟད། གཅིག་ཏུ་འབྲེལ་བའི་དམིགས་བསལ་དབུལ་ཕོངས་ས་ཁུལ་ལ་ཆེད་དུ་སྤེལ་བའི་འཕྲོད་བསྟེན་དབུལ་སྐྱོར་རྣམ་གྲངས་ཀྱང་ཡིན་པ་རེད།

བོད་ལྗོངས་དབུལ་ཕོངས་ས་ཁུལ་གྱི་བྱིས་པའི་འཚོ་བཅུད་ཇེ་ལེགས་སུ་གཏོང་བའི་རྣམ་གྲངས་ལག་བསྟར་ཡག་པོ་བྱ་ཆེད། ད་ལོའི་ཟླ6པར། རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལྷ་ས་ནས་དབུལ་ཕོངས་ས་ཁུལ་གྱི་བྱིས་པའི་འཚོ་བཅུད་ཇེ་ལེགས་སུ་གཏོང་བའི་རྣམ་གྲངས་སྐོར་གྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་མ་ལག་གི་གསོ་སྦྱོང་འཛིན་གྲྭ་ཐེངས་གསུམ་པ་བསྡུས་ཏེ།  བོད་ལྗོངས་ཀྱི་རྣམ་གྲངས་དང་འབྲེལ་བ་ཡོད་པའི་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་མ་ལག་གི་མི40ལྷག་ཐེངས་འདིའི་གསོ་སྦྱོང་ཁྲོད་ཞུགས་པ་དང་། རྣམ་གྲངས་ལག་བསྟར་བྱེད་པའི་རྫོང་སོ་སོས་སྔ་གཞུག་ཏུ་བྱིས་པའི་འཚོ་བཅུད་ཁ་སྣོན་ཟས་རིགས་སྟེར་བའི་བྱ་བ་སྤེལ།

བསྡོམས་རྩིས་བྱིས་པ་ལྟར་ན། ད་ལོའི་ཟླ8པའི་ཟླ་མཇུག་བར། བོད་ལྗོངས་ཀྱིས་བསྡོམས་པས་འཚོ་བཅུད་ཟས་རིགས139669འགྲེམ་གཏོང་བྱས་ཤིང་། བྱིས་པ140408ལ་ཁེ་ཕན་ཐོབ་ཡོད་དེ། འཚོ་བཅུད་ཟས་རིགས་འགྲེང་གཏོང་བྱེད་ཚད60%ཡན་ལ་སླེབས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག