མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

2015ལོར་སླེབས་དུས་བོད་ལྗོངས་ཀྱིས་ལྔ་སྐྱོང་བྱེད་ཡུལ་ལ་བདག་སྐྱོང་བྱེད་ཚད100%ལ་སླེབས་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-28 10:36

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱིས་བདག་སྐྱོང་ཆ་རྐྱེན་དང་མཐུན་པའི་གྲོང་ཚོའི་ལྔ་སྐྱོང་བྱེད་ཡུལ་ཡོད་ཚད་བདག་སྐྱོང་ཁྱབ་ཁོངས་ཁྲོད་བཅུག་སྟེ། 2015ལོར་སླེབས་དུས་བོད་ལྗོངས་ཀྱིས་ལྔ་སྐྱོང་བྱེད་ཡུལ་ལ་བདག་སྐྱོང་བྱེད་ཚད100%ལ་སླེབས་རྩིས་ཡོད་པ་རེད།

མིག་སྔར། བོད་ལྗོངས་ཀྱིས་བདག་སྐྱོང་ཆ་རྐྱེན་དང་མཐུན་པའི་གྲོང་ཚོའི་ལྔ་སྐྱོང་བྱེད་ཡུལ14933བདག་སྐྱོང་ཁྱབ་ཁོངས་ཁྲོད་བཅུག་སྟེ། ལྔ་སྐྱོང་བྱེད་ཡུལ་གཅིག་བསྡུས་ངང་བདག་སྐྱོང་བྱེད་ཚད50.4%ལ་སླེབས་ཡོད། དེ་དང་ཆབས་ཅིག་ལྔ་སྐྱོང་བྱེད་ཡུལ་གྱི་བདག་སྐྱོང་ཚད་གཞི་དེ་ཐེངས་བཅུ་གཅིག་ལ་ཇེ་མཐོར་བཏང་བས། ལྔ་སྐྱོང་བྱེད་ཡུལ་གྱི་བདག་སྐྱོང་ཚད་གཞི་དེ2002ལོའི་མི་རེར་ལོ་རེར་སྒོར588ནས་ད་ལྟའི་མི་རེར་ལོ་རེར་སྒོར2900བར་ཇེ་མཐོར་བཏང་། དེ་མིན“གྲོང་ཚོའི་ལྔ་སྐྱོང་རྒན་པ་རྣམས་ལོ་གསུམ་གྱི་ནང་ཡོངས་རྫོགས་རྫོང་རིམ་པ་ཡན་གྱི་ས་ཁུལ་དུ་གཅིག་བསྡུས་ངང་བདག་སྐྱོང་བྱེད་རྒྱུའི”དམིགས་འབེན་བཙུགས་པ་མ་ཟད། 《བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཕྱོགས་ཡོངས་ནས་ལྔ་སྐྱོང་བྱེད་ཡུལ་གཅིག་བསྡུས་ངང་བདག་སྐྱོང་བྱེད་པ་དང་དྭ་ཕྲུག་གཅིག་བསྡུས་ངང་ཉར་གསོའི་བྱེད་པའི་བྱ་བར་སྐུལ་འདེད་གཏོང་བའི་འབྲེལ་ཡོད་བསམ་འཆར》གཏན་འབེབས་བྱས་ཏེ། ལྔ་སྐྱོང་བྱེད་ཡུལ་གཅིག་བསྡུས་ངང་བདག་སྐྱོང་བྱེད་པའི་རྣམ་གྲངས63གཏན་ཁེལ་བྱས་ནས། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར14.04བཏང་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག