མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟ་ཁུལ་ཐོག་མ་རྒྱལ་ཁབ་རིམ་པར་རེ་ཞུ་བྱས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-10-28 10:01

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་ཉིང་ཁྲི་ས་ཁུལ་ཚན་རྩལ་ཅུས་ནས་ཤེས་རྟོགས་བྱས་པར་བོད་ཀྱི་ཞིང་ཆེན་རིམ་པའི་རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟ་ཁུལ་ཐོག་མ་སྟེ་ཉང་ཆུ་རྒྱུག་ཁུལ་གྱི་རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟ་ཁུལ་དེ་ཉིད་ཀྲུང་གོའི་རྒྱལ་ཁབ་རིམ་པའི་རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟ་ཁུལ་གྱི་གྲལ་སྟར་ནང་འཇུག་རྒྱུའི་རེ་འདུན་ཞུ་བཞིན་ཡོད་པ་དང་། ཀྲུང་གོ་ཚན་རྩལ་པུས་ཞིབ་དཔྱད་ཐོག་མར་བྱས་པ་བརྒྱུད་ཆེད་མཁས་པའི་དཔྱད་བསྡུར་ཚོགས་ཆུང་གིས་ཟླ10བའི་ཟླ་མཇུག་ཏུ་ཉིང་ཁྲི་ས་ཁུལ་དུ་བསྐྱོད་ནས་ས་གནས་ས་ཐོག་ཏུ་དཔྱད་བསྡུར་བྱ་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཉིང་ཁྲི་ས་ཁུལ་གྱིས2010ལོར་ཉང་ཆུ་རྒྱུག་ཁུལ་གྱི་རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟ་ཁུལ་འཛུགས་རྒྱུའི་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་། ཞིང་ཆེན་རིམ་པའི་རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟ་ཁུལ་འཛུགས་རྒྱུ་སྒྲིག་འཛུགས་ཀྱིས་རེ་ཞུ་བྱས་པ། ཉིང་ཁྲི་ས་ཁུལ་དུ་ཞིང་ཆེན་རིམ་པའི་རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟ་ཁུལ་འཛུགས་རྒྱུར་ལོ་དེ་གའི་སྤྱི་ཟླ8པའི་ཚེས23ཉིན་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་མོས་མཐུན་ཐོབ་ནས་བོད་དུ་རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟ་ཁུལ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།

ཉེ་བའི་ལོ་ཤས་རིང་ཉིང་ཁྲི་ས་ཁུལ་གྱིས་མ་དངུལ་སྒོར་ཁྲི2200ཙམ་བཏང་ནས་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱ་རྒྱུ་དང་འཕེལ་རྒྱས་གཏོང་རྒྱུར་སྤྱད་ཅིང་། ཁྱད་ལྡན་ཐོན་ལས་དང་། སྣོད་བཅུད་ཤེས་དཔལ། གྲོང་གསེབ་གསར་པ་འཛུགས་སྐྲུན་སོགས་ཁྱབ་ཁོངས་ནས་བོད་ཀྱི་དོན་དངོས་དང་མཐུན་པའི་བྱེད་ཐབས་མང་པོ་ཞིག་འཚོལ་ཞིབ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་གཏོད་ཕྱིར་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་ཡོད་ལ། ཉང་ཆུ་རྒྱུག་ཁུལ་གྱི་རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟ་ཁུལ་དེ་ཉིད་རྒྱལ་ཁབ་རིམ་པའི་རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟ་ཁུལ་གྱི་གྲལ་སྟར་ནང་འཇུག་ཕྱིར་རྨང་གཞི་བརྟན་པོ་ཞིག་ཀྱང་བཏིངས་ཡོད་པ་རེད།

ཉིང་ཁྲི་ས་ཁུལ་ཚན་རྩལ་ཅུས་ཀྱི་ལས་དོན་པས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཁབ་རིམ་པའི་རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱ་རྒྱུ་རེ་འདུན་ཞུ་བཞིན་ཡོད་པ་དེ་བོད་དུ་འཕེལ་རྒྱས་བསམ་གཞི་གསར་པ་གཏོད་རྒྱུ་དང་། འཕེལ་རྒྱས་གཏོང་སྟངས་འགྱུར་ལྡོག་གཏོང་རྒྱུ། འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ། སྤྱི་ཚོགས་ཞི་མཐུན་ཡོང་ཐབས་བྱ་རྒྱུ་སོགས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག