མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས2014ལོའི་སློབ་ཆེན་མཐར་ཕྱིན་སློབ་མའི་ཆེད་དོན་གདན་ཞུའི་ཚོགས་འདུ་འཚོགས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-10-28 10:01

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚེས25ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་དང་སློབ་གསོ་ཐིང་། ནོར་སྲིད་ཐིང་། རྒྱལ་ཁབ་རྒྱུ་ནོར་ཨུ་ཡོན་ལྷན་ཁང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མཉམ་འབྲེལ་ཐོག་གཉེར་བའི་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ལོ2014ལོའི་སློབ་ཆེན་སློབ་ཐོན་སློབ་མའི་ཆེད་དོན་གདན་ཞུའི་ཚོགས་འདུ་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དུ་འཚོགས་པ་དང་། ཁེ་ལས53གྱིས་ལས་གནས750མཁོ་འདོན་བྱས་པ་དང་སློབ་ཆེན་སློབ་ཐོན་སློབ་མ500ཙམ་ལས་ཀ་འཚོལ་བར་ཡོང་ཡོད་ཅིང་སློབ་མ196གིས་ལས་ཞུགས་འདོད་མཐུན་གྱི་གྲོས་མཐུན་བཞག་ཡོད་པ་རེད།

ཐེངས་འདིའི་གདན་ཞུའི་ཚོགས་འདུའི་ཐོག་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ཞབས་ཞུའི་ས་ཚུགས་བཙུགས་ཏེ། ལས་ཞུགས་མ་ཐུབ་པའི་སློབ་ཆེན་སློབ་ཐོན་སློབ་མར་ལས་ཞུགས་ལྟ་སྦྱོང་དང་རྩལ་ནུས་སྦྱོང་བརྡར། བྱ་གཞག་གསར་གཏོད་ཀྱི་སྦྱོང་བརྡར། རྩལ་ནུས་ཆོད་སྡོམ། སྤྱི་ཕན་རང་བཞིན་གྱི་ལས་གནས་རེ་ཞུ་སོགས་ཀྱི་ཞབས་ཞུ་བྱས་པ་དང་། སློབ་ཆེན་སློབ་ཐོན་སློབ་མའི་ཞིབ་ཕྲའི་དགོས་མཁོར་གཞིགས་ཏེ་རྗེས་མཐུད་ཞབས་ཞུ་ཁག་ཡག་པོ་སྒྲུབ་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག