མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་མཁའ་འགྲུལ་ཀུང་སིས་ལྷ་ས་ནས་པེ་ཅིན་བར་གྱི་ཐད་གཏོང་མཁའ་ལམ་གསར་པ་ཤར་གཏོང་བྱས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-10-28 10:01

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་འབྲེལ་ཡོད་ཚན་པ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་མཁའ་འགྲུལ་ཚད་ཡོད་ཀུང་སིས་སྤྱི་ཟླ10བའི་ཚེས26ཉིན་ནས་བཟུང་སྤྱི་ལོ2014ལོའི་དགུན་དཔྱིད་ཀྱི་དུས་གཏན་གནམ་གྲུའི་འཆར་གཞི་ལག་བསྟར་བྱེད་འགོ་ཚུགས་ཤིང་། དེ་ནས་བཟུང་ལྷ་ས་ནས་པེ་ཅིན་བར་གྱི་ཐད་གཏོང་མཁའ་ལམ་གསར་པ་ཤར་གཏོང་བྱེད་པ་དང་ཆབས་ཅིག་ཁྲེང་ཏུའུ་ནས་སན་ཡཱ་བར་གྱི་མཁའ་ལམ་ཡང་སླར་གསོ་བྱེད་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་ནས་པེ་ཅིན་བར་གྱི་ཐད་གཏོང་མཁའ་ལམ་ནི་བོད་ལྗོངས་མཁའ་འགྲུལ་ཀུང་སིས་འདི་ལོར་ལྷ་ས་ནས་དབྱིན་ཁྲོན། པེ་ཅིན་བཅས་བར་གྱི་མཁའ་ལམ་ཤར་གཏོང་བྱས་པའི་རྨང་གཞིའི་ཐོག་གསར་དུ་བཏོད་པའི་ཐད་གཏོང་མཁའ་ལམ་ཞིག་ཡིན་ལ་འཕུར་ཐེངས་གཅིག་ལ་ཆུ་ཚོད་བཞི་གཡས་གཡོན་དགོས། དེ་སྔོན་གྱི་དབྱིན་ཁྲོན་བརྒྱུད་དེ་འཕུར་བ་དང་བསྡུར་ན་ཆུ་ཚོད་གཉིས་ཙམ་གྲོན་ཆུང་ཐུབ་ཀྱི་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག