མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

མངའ་རིས་ས་ཁུལ་གྱིས་སྡོད་ཁང་བོགས་གཏོང་ཁ་གསབ་རོགས་དངུལ་སྒོར་ཁྲི160རྩིས་སྤྲོད་བྱས་པ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-27 10:53

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་བོད་ལྗོངས་མངའ་རིས་ས་ཁུལ་གྱི་སྡོད་ཁང་འཛུགས་སྐྲུན་སྡེ་ཁག་གིས2014ལོའི་སྡོད་ཁང་བོགས་གཏོང་ཁ་གསབ་རོགས་དངུལ་གྱི་དམིགས་ཚད་དེ་རྫོང་སོ་སོའི་ནོར་སྲིད་ཅུའུ་དང་། སྡོད་ཁང་འཛུགས་སྐྲུན་ཅུའུ་བཅས་ལ་བརྒྱུད་བསྒྲགས་བྱས་ཏེ། དུས་ཐོག་ཏུ་མ་དངུལ་རྩིས་སྤྲོད་བྱེད་པའི་བྱ་བ་ལེགས་འགྲུབ་བྱུང་།

རྒྱུས་ལོན་བྱུང་བ་ལྟར་ན། རྫོང་སོ་སོས་ཡར་ཞུ་བྱས་པའི་གནས་ཚུལ་ལྟར། མངའ་རིས་ས་ཁུལ་གྱིས་དོན་དངོས་སུ2014ལོར་བསྡོམས་པས་སྡོད་ཁང་བོགས་གཏོང་ཁ་གསབ་རོགས་དངུལ་སྒོར་ཁྲི160ཁྱིམ་ཚང375ཡི་མི526ལ་རྩིས་སྤྲོད་བྱས་ཤིང་། དེའི་ནང་རང་སྐྱོང་ལྗོངས་ཀྱི་ཁ་གསབ་རོགས་དངུལ་སྒོར་ཁྲི128ཡོད་པ་དང་། ས་ཁུལ་གྱི་མ་དངུལ་སྒོར་ཁྲི24ཡོད། རྫོང་རིམ་པའི་མ་དངུལ་སྒོར་ཁྲི8ཡོད། མ་དངུལ་རྩིས་སྤྲོད་བྱེད་པའི་གོ་རིམ་ཁྲོད། མངའ་རིས་ས་ཁུལ་གྱི་རྫོང་སོ་སོའི་སྡོད་ཁང་འཛུགས་སྐྲུན་ཅུའུ་དང་ས་ཁུལ་བཟོ་ཚོགས་ཀྱིས2014ལོའི་སྡོད་ཁང་བོགས་གཏོང་ཁ་གསབ་རོགས་དངུལ་ལེན་པར་ཡར་ཞུ་བྱས་ཡོད་པའི་ཁྱིམ་ཚང་རེ་རེར་ཞིབ་བཤེར་བྱས་ཏེ། སྡོད་ཁང་བོགས་གཏོང་ཁ་གསབ་རོགས་དངུལ་སྟེར་བའི་ཚད་གཞི་དང་མི་མཐུན་པ་དང་། འགན་སྲུང་སྡོད་ཁང་དུ་བསྡད་ཡོད་པའི་ཁྱིམ་ཚང་ལ་སྡོད་ཁང་བོགས་གཏོང་ཁ་གསབ་རོགས་དངུལ་མེད་པར་བཏང་ནས། མ་དངུལ་རྩིས་སྤྱོད་བྱེད་པའི་བྱ་བ་ཁྲིམས་ལུགས་དང་སྒྲིག་སྲོལ་དང་མཐུན་པར་ཁག་ཐེག་བྱས་པ་རེད།  །

 

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག