མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་རིག་རྩལ་ལས་དོན་པས་རིག་རྩལ་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་གྲོས་བསྡུར་འཁྲུག་པོ་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-10-26 10:36

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་རིག་གནས་སྒྱུ་རྩལ་ལས་རིགས་སུ་རིག་རྩལ་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་འཕྱུར་ནས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་རིག་རྩལ་ལས་རིགས་ལ་རིག་རྩལ་ལས་དོན་འཕེལ་རྒྱས་གཏོང་བའི་ཁ་ཕྱོགས་གསལ་སྟོན་གནང་བ་དང་། ཏང་དང་རྒྱལ་ཁབ་ཀྱིས་རིག་རྩལ་ལས་དོན་པར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་ཡང་མཚོན་པས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་མཛུབ་ཁྲིད་བྱེད་པ་དང་མི་དམངས་ལྟེ་བར་བྱེད་པའི་གསར་རྩོམ་གྱི་ཁྲིད་སྟོན་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་དེ་བས་མང་བ་དང་དེ་བས་ལེགས་པའི་རིག་རྩལ་གྱི་བརྩམས་ཆོས་གསར་རྩོམ་བྱ་རྒྱུ་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བཤད་པ་རེད།

བོད་ལྗོངས་མཛེས་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་སྐད་གྲགས་ལྡན་པའི་མཛེས་རྩལ་མཁས་ཅན་ཧན་ཧྲུའུ་ལིས་སྤྱི་ཁྱབ་ཧྲུའུ་ཅིས“ཁྲོམ་རའི་དཔལ་འབྱོར་གྱི་རླབས་རྒྱུན་ཆེན་པོའི་ནང་རིག་རྩལ་གྱི་ཁ་ཕྱོགས་མི་འཛོལ་བ་དང་།རིག་རྩལ་དེ་ཁྲོམ་རའི་བྲན་གཡོག་བྱེད་མི་རུང་བ།དངུལ་གྱི་དྲི་མ་མི་འགོ་བ།རིག་རྩལ་གྱི་ཁ་ཕྱོགས་མི་བརླགས་པ།རིག་རྩལ་མཁས་ཅན་ལ་ཡོད་དགོས་པའི་འགན་འཁྲི་མི་བརླགས་པ་བཅས་བྱེད་དགོས”ཞེས་པའི་བཀའ་མོལ་དེ་ནི་ཕྱོགས་སྟོན་ཞིག་དང་ས་གནས་ཁག་གི་རིག་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་ས་གནས་ཁག་གི་མཐུན་ཚོགས་ལ་བཏོན་པའི་ལས་འགན་ཞིག་ཡིན་པ་དེ་ནི་བརྩམས་ཆོས་རྩེ་གྲ་ཐོན་པ་དང་།དེང་རབས་ཀྲུང་གོའི་རིན་ཐང་ལྟ་བ་བརྒྱུད་སྤེལ།ཀྲུང་ཧྭའི་རིག་གནས་ཀྱི་སྙིང་དོན་མཚོན་པ།ཀྲུང་གོ་བའི་མཛེས་དཔྱད་དོན་གཉེར་བྱེད་སྟངས་མཚོན་པ་བཅས་ཡིན་པའི་རིག་རྩལ་གྱི་བརྩམས་ཆོས་དེ་ནི་དུས་རབས་འདིའི་ཉམས་འགྱུར་ཞིག་ཡིན་ལ་དུས་རབས་འདིའི་ཡིད་གསོས་ཤིག་ཀྱང་རེད་ཅེས་བཤད་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་བྱས་རྗེས་ཀྲུང་གོ་མཛེས་རྩལ་མཐུན་ཚོགས་ཀྱི་ཚོགས་མི་དང་བོད་ལྗོངས་མཛེས་རྩལ་མཐུན་ཚོགས་ཀྱི་ཚོགས་མི་ཡིན་པའི་ཚེ་བརྟན་འགྱུར་མེད་ཀྱིས་སྒྱུ་རྩལ་ལས་དོན་པ་ཞིག་གི་ངོས་ནས་རིག་རྩལ་གསར་རྩོམ་གྱི་ཕུན་སུམ་ཚོགས་པའི་ནང་དོན་རྒྱུན་ཆད་མེད་པར་ཞིབ་ཕྲ་བཟོ་བ་དང་།རིག་རྩལ་གྱིས་མང་ཚོགས་དང་འབྲེལ་འདྲིས་བྱེད་དགོས་པ་ཚོར་ཤེས་གཏིང་ཟབ་ཐུབ་པ་བྱེད་པ།རིག་རྩལ་ལས་དོན་པས་གསར་རྩོམ་ནི་རང་ཉིད་ཀྱི་ལྟེ་བའི་ལས་འགན་དང་བརྩམས་ཆོས་ནི་རང་ཉིད་གཞི་ཚུགས་པའི་རྩ་བ་ཡིན་པ་བློ་ལ་བརྟན་པོར་ངེས་པ་བཅས་བྱེད་དགོས།ཡིད་རྣལ་དུ་ཕབ་པ་དང་ཡག་ཐོག་ཡག་བརྩེགས་ངང་གསར་རྩོམ་བྱས་ཏེ་ཡིད་གསོས་ཡག་ཤོས་དེ་མི་དམངས་ལ་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གསུངས་པའི་དུམ་བུ་དེའི་སྐོར་གླེང་སྐབས་ལྷ་ས་གྲོང་ཁྱེར་རིག་རྩལ་ལས་རིགས་མཉམ་འབྲེལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་དབྱང་ཧྲོང་དབང་གིས་ལྷ་ས་གྲོང་ཁྱེར་རིག་རྩལ་ལས་རིགས་ཀྱི་ལས་དོན་པས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སྔར་བས་སློབ་སྦྱོང་བྱེད་པ་དང་གོ་བ་ལེན་པ་དང་།བསམ་བློ་གཅིག་གྱུར།མི་སེར་ཤེས་རྟོགས།དམངས་སེམས་ཤེས་རྟོགས།བོད་ཀྱི་སྲོལ་རྒྱུན་རིག་གནས་ཤེས་རྟོགས་བཅས་བྱས་ནས་དེ་བས་མང་བ་དང་དེ་བས་ལེགས་པའི་རིག་རྩལ་གྱི་བརྩམས་ཆོས་གསར་རྩོམ་བྱེད་དགོས།གསར་གཏོད་བྱེད་ཕོད་པ་བྱས་ནས་བོད་ཀྱི་རིག་རྩལ་བྱ་གཞག་རྒྱུན་ཆད་མེད་པར་དར་རྒྱས་གཏོང་བ་དང་དངོས་འཛིན་དངོས་སྒྲུབ་བྱས་ནས་བོད་ཀྱི་རིག་རྩལ་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས་ཞེས་བཤད་པ་རེད།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག