མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་དུ་སྤེལ་བ།

  ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།  2014-10-26 10:36

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ནས་ལོ་གཅིག་ལྷག་ཙམ་རིང་རང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ནན་བཤད་གནང་བའི“ད་ཐེངས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ལས་འགན་གཙོ་བོ་དེ་སྤྱོད་ཚུལ་འཛུགས་སྐྱོང་བྱ་རྒྱུར་དམིགས་ནས་གཅིག་སྡུད་ཐོག་ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས།རྒྱས་སྤྲོས་ཆུད་ཟོས་ཀྱི་སྤྱོད་ཚུལ་བཅས‘སྤྱོད་ཚུལ་བཞིའི’གནད་དོན་ཐག་གཅོད་བྱེད་དགོས”ཞེས་པའི་མཛུབ་སྟོན་བླང་བྱ་གཞིར་བཟུང་སྤྱོད་ཚུལ་འཛུགས་སྐྱོང་དེ་བྱེད་སྒོའི་འགག་རྩའི་ལྷུ་ཚིགས་ཤིག་ཏུ་བརྩིས་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་པས་ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་བསམ་བློའི་ངོས་འཛིན་སྔར་བས་མཐོ་རུ་ཕྱིན་པ་དང་།སྤྱོད་ཚུལ་སྔར་བས་འགྱུར་ལྡོག་ཕྱིན་པ།ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་དམ་ཟབ་ཏུ་ཕྱིན་པ།དམངས་ཆེད་དངོས་སྒྲུབ་སྤྱོད་གཙང་གི་གཟུགས་བརྙན་སྔར་བས་གཏོད་པ་བཅས་བྱས་པས་ཏང་སེམས་དང་དམངས་སེམས་སྔར་བས་གཅིག་སྒྲིལ་བྱུང་ཡོད།

སྤྱོད་ཚུལ་འཛུགས་སྐྱོང་དེ་སློབ་གསོ་ལག་ལེན་བྱེད་སྒོའི་འགག་རྩའི་ལྷུ་ཚིགས་ཤིག་ཏུ་བརྩིས་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་རྩ་དོན་གྱི་གནད་དོན་གལ་ཆེན་དེའི་ཐད་ཐོག་མཐའ་བར་གསུམ་དུ་དར་ཆ་གསལ་སྟོན་དང་ལངས་ཕྱོགས་བརྟན་པོ་བྱེད་པ་ལས“མགོ་གཉིས་པ”བྱེད་མི་རུང་།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་སྤྱོད་ཚུལ་འཛུགས་སྐྱོང་བྱ་རྒྱུ་དེ་སློབ་གསོ་ལག་ལེན་བྱེད་སྒོའི་འགག་རྩའི་ལྷུ་ཚིགས་ཤིག་ཏུ་བརྩིས་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས།

ཕུགས་བསམ་དད་སེམས་བརྟན་དུ་གཏོང་བ་དང་།རྩ་བའི་དམིགས་ཚད་ལག་ལེན་བསྟར་བ།ཀུན་སྤྱོད་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མི་དང་མིའི་དབར་གྱི་འབྲེལ་བར་ངོས་འཛིན་དང་ཐག་གཅོད་ཡང་དག་བྱེད་པ་དང་།སེམས་ཐག་གཙང་བཅད་ཀྱིས་ངོ་བསྟུན་བྱེད་སྒོ་ཉུང་དུ་གཏོང་བ།ཏན་ཏན་ཏིག་ཏིག་ངང་མི་བྱེད་པ་དང་བྱ་བ་སྒྲུབ་པ་བཅས་བྱས་ཏེ་རུལ་སུངས་ཀྱི་བསླུ་བྲིད་མཐའ་དག་གི་མདུན་དུ་ཚད་མཐོའི་དོགས་ཟོན་བྱེད་དགོས་ཞེས་གསུངས་པ་རེད།

བོད་དུ་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་བྱེད་པའི་འགག་རྩ་ནི་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་དུ་དང་ཕུགས་བསམ་དད་སེམས་བརྟན་དུ་གཏོང་དགོས་པ་དེ་རེད།སློབ་གསོ་ལག་ལེན་བྱེད་སྒོ་བརྒྱུད་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་ལམ་བུའི་གདེང་ཚོད་དང་།རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད།ལམ་ལུགས་ཀྱི་གདེང་ཚོད་བཅས་སྔར་བས་ཆེ་རུ་ཕྱིན་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་།མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་གལ་ཆེའི་དགོངས་དོན་དང་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི“ཁྲིམས་ལྟར་བོད་སྐྱོང་བ་དང་ཡུན་རིང་བོད་འཛུགས་སྐྲུན་བྱེད་པའི”མཛུབ་སྟོན་བླང་བྱར་ངོས་འཛིན་སྔར་བས་གཏིང་ཟབ་བྱུང་བ་དང་།བོད་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་སྤྱིའི་ལས་དོན་ཁྲོད་གནས་བབ་གལ་ཆེན་ལྡན་པར་སྟངས་འཛིན་སྔར་བས་གཏིང་ཟབ་བྱུང་བ།ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་དང་འཐབ་རྩོད་བྱེད་པའི་ཡུན་རིང་རང་བཞིན་དང་།རྙོག་འཛིང་རང་བཞིན།རྣོ་ངར་རང་བཞིན་བཅས་ལ་ངོས་འཛིན་སྔར་བས་གསལ་པོ་བྱུང་བ།བོད་དུ་བརྟན་ལྷིང་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པའི་ཆོས་ཉིད་དང་ཁྱད་ཆོས་ལ་ཚོད་འཛིན་སྔར་བས་འཕྱུགས་མེད་བྱུང་ནས་བོད་བཅོས་སྐྱོང་དང་།བོད་བརྟན་ལྷིང་།བོད་དར་རྒྱས་བཅས་ཡོང་བ་བྱེད་པའི་ཏང་ཀྲུང་དབྱང་གི་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་ཕྱིན་པ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་བསམ་བློའི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་ཡོད།

ཚད་གཞི་ནན་པོ་དང་།བྱ་ཐབས་ནན་པོ།སྒྲིག་ལམ་ནན་པོ་བཅས་ཀྱི་ཐོག་ནས“སྤྱོད་ཚུལ་བཞིའི”གནད་དོན་ཐག་གཅོད་བྱེད་པ་དང་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྤྱོད་ཚུལ་དྭངས་གཙང་དང་སྒྲིག་ལམ་ནན་དུ་གཏོང་བ་དང་།ཆེད་དོན་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ།ལྟ་སྐུལ་དང་།སྒྲིག་ཁྲིམས་ལག་བསྟར།འགན་འཁྲི་བདའ་འདེད་བཅས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས།

“སྤྱོད་ཚུལ་བཞིའི”གནད་དོན་ནི་མང་ཚོགས་ཀྱིས་སེམས་ཀྱི་གཏིང་ནས་འཁོན་འཛིན་བྱེད་པ་དང་ལབ་གླེང་མང་ཤོས་བྱེད་པའི་གནད་དོན་ཞིག་ཡིན་ལ་ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བར་གནོད་འཚེ་གཏོང་བའི་རྒྱུ་མཚན་གལ་ཆེན་ཞིག་ཀྱང་རེད།“སྤྱོད་ཚུལ་བཞིའི”གནད་དོན་ལ་དམིགས་ནས་ལྗོངས་ཡོངས་ཀྱི་རིམ་ཁག་དང་ཚན་པ་ཁག་གིས་ཀྲུང་དབྱང་གིས་གཏན་འཁེལ་གནང་བའི་དོན་ཚན་21དང་ལྗོངས་ཏང་ཨུད་ཀྱིས་བཏོན་པའི་ཕྱོགས་བཅུའི་ཐད་ཀྱི་ཆེད་དོན་བཅོས་སྒྲིག་ལས་འགན་གཞིར་བཟུང་སྤྱོད་ཚུལ་ངན་པར་གྲལ་བཤེར་ཆེན་པོ་དང་གཙང་བཤེར་ཆེན་པོ་བྱས་པ་རེད།

གཞི་གྲངས་ལས་ཕན་འབྲས་མངོན།རང་ལྗོངས་ཀྱིས་ཆེད་དོན་བཅོས་སྒྲིག་ལས་དོན་གྱི་གྲུབ་འབྲས་རེའུ་མིག་ཅིག་ཕུལ་ཡོད།ཡིག་ཆ་དང་ཚོགས་འདུ་མང་དྲགས་པ་དང་ཞིབ་བཤེར་དང་དཔྱད་བསྡུར་ཡང་ཡང་བྱེད་པའི་གནད་དོན་བཅོས་སྒྲིག་བྱས་པ།བྱེད་སྒོ་ཁག་དང་པོ་སྤེལ་རིང་ཚོགས་འདུ་ཐེངས་1067ཁུ་བསྡུ་བྱས་ནས་19.24%ཉུང་དུ་ཕྱིན་པ་དང་།ཡིག་ཆ་4191ཁུ་བསྡུ་བྱས་ནས་15.13%ཉུང་དུ་ཕྱིན་པ།དཔྱད་བསྡུར་དང་ཚད་ལོན་གྱི་གཟེངས་བསྟོད་བྱེད་སྒོ་66ཉུང་དུ་བཏང་ནས་25.78%ཉུང་དུ་ཕྱིན་པ།“གཅིག་ཆད་ཁྲ་སློག”གི་དོན་ཚན་4ཉུང་དུ་བཏང་ནས་36.36%ཉུང་དུ་ཕྱིན་པ་བཅས་རེད།བྱེད་སྒོ་ཁག་གཉིས་པ་སྤེལ་རིང་ས་ཁུལ་དང་གྲོང་ཁྱེར་ཁག་གིས་ཚོགས་འདུ་ཐེངས་2949ཁུ་བསྡུ་བྱས་ནས་24.29%ཉུང་དུ་ཕྱིན་པ་དང་།ཡིག་ཆ་9912ཁུ་བསྡུ་བྱས་ནས་24.74%ཉུང་དུ་ཕྱིན་པ།དཔྱད་བསྡུར་དང་ཚད་ལོན་གྱི་གཟེངས་བསྟོད་བྱེད་སྒོ་239ཉུང་དུ་བཏང་ནས་18.28%ཉུང་དུ་ཕྱིན་པ།“གཅིག་ཆད་ཁྲ་སློག”གི་དོན་ཚན་34ཉུང་དུ་བཏང་ནས་5.98%ཉུང་དུ་ཕྱིན་པ་བཅས་རེད།

སྒོ་འཛུལ་དཀའ་བ་དང་།རྣམ་འགྱུར་ངན་པ།བྱ་བ་སྒྲུབ་དཀའ་བ་བཅས་ཀྱི་གནད་དོན་བཅོས་སྒྲིག་བྱས་པ།བྱེད་སྒོ་ཁག་དང་པོ་སྤེལ་རིང་སྲིད་འཛིན་ཞིབ་མཆན་གྱི་དོན་ཚན་ཁག་693གཤམ་སྤྲོད་བྱས་ནས་60%ཉུང་དུ་ཕྱིན་པ་དང“ཐ་ཤལ་དང་།སྒྱིད་ལུགརྣམ་གཡེང་།ནར་འགྱངས”བཅས་ཀྱི་གནད་དོན་ཁག་13དང་མི་17ལ་ཞིབ་གཅོད་བྱས་པ་རེད།བྱེད་སྒོ་ཁག་གཉིས་པ་སྤེལ་རིང་སྲིད་འཛིན་ཞིབ་མཆན་གྱི་དོན་ཚན་115མེད་པ་བཟོས་ནས་4.91%ཉུང་དུ་ཕྱིན་པ་དང་།སྲིད་འཛིན་ཞིབ་མཆན་གྱི་དོན་ཚན་590གཤམ་སྤྲོད་བྱས་ནས་25.19%ཉུང་དུ་ཕྱིན་པ།“བཟའ་འཁྱེར་བཀག་ལེན”བཅས་ཀྱི་གནད་དོན་5དང་མི་6ལ་ཞིབ་གཅོད་བྱས་པ།“ཐ་ཤལ་དང་།སྒྱིད་ལུགརྣམ་གཡེང་།ནར་འགྱངས”བཅས་ཀྱི་གནད་དོན་285དང་མི་623ལ་ཞིབ་གཅོད་བྱས་པ་བཅས་རེད།བྱེད་སྒོ་ཁག་གཉིས་ནང་རྣམ་གྲངས་ཞིབ་མཆན་དང་ཆེད་དོན་གཞན་སྒྱུར་གཏོང་སྤྲོད་བགོ་བཤའ་སོགས་ཀྱི་ལས་དོན་ཁྲོད་སྦུག་མཐུན་གཡོ་སྒྱུར་དང་དབང་ཆ་བཙལ་གླས་ཀྱི་གནད་དོན་ཤེས་རྟོགས་བྱུང་མེད་པ་རེད།

ཚད་གཞི་ལས་བརྒལ་ནས་གཞུང་འཁོར་བཀོད་སྒྲིག་བྱེད་པ་དང་།གཞུང་དོན་སྒྲུབ་ཁང་མང་པོ་བཟུང་བ།ཐོག་ཁང་དང་།ཚོགས་ཁང་།འགྲུལ་ཁང་།སྣེ་ལེན་ཁང་བཅས་གསར་སྐྲུན་དང་གང་བྱུང་དུ་བསྐྲུན་པའི་གནད་དོན་བཅོས་སྒྲིག་བྱས་པ།བྱེད་སྒོ་ཁག་དང་པོ་སྤེལ་རིང་གཙང་བཤེར་ཕྱིར་སློག་བྱེད་འོས་པའི་གཞུང་འཁོར་474ཚང་མ་གཙང་བཤེར་ཕྱིར་སློག་བྱས་ཟིན་པ་དང་།ལེགས་སྒྲིག་དང་གཙང་བཤེར་བྱེད་འོས་པའི་གཞུང་དོན་སྒྲུབ་ཁང་སྨི་ངོས་གྲུ་2660.6ཚང་མ་ལེགས་སྒྲིག་དང་གཙང་བཤེར་བྱས་ཟིན་པ།ཐོག་ཁང་དང་།ཚོགས་ཁང་།འགྲུལ་ཁང་།སྣེ་ལེན་ཁང་བཅས་ཀྱི་རྣམ་གྲངས་3སྐྲུན་མཚམས་བཞག་པ་དེའི་གཞི་ཁྱོན་སྨི་ངོས་གྲུ་24370ཟིན་པ་བཅས་རེད།བྱེད་སྒོ་ཁག་གཉིས་པ་སྤེལ་རིང་གཙང་བཤེར་ཕྱིར་སློག་བྱེད་འོས་པའི་གཞུང་འཁོར་60ཡི་ནང་གཞུང་འཁོར་53གཙང་བཤེར་ཕྱིར་སློག་བྱས་ཟིན་པ་དང་།ལེགས་སྒྲིག་གཙང་བཤེར་བྱེད་འོས་པའི་གཞུང་དོན་སྒྲུབ་ཁང་སྨི་ངོས་གྲུ་49269.9ཚང་མ་ལེགས་སྒྲིག་གཙང་བཤེར་བྱས་ཟིན་པ།ཐོག་ཁང་དང་།ཚོགས་ཁང་།འགྲུལ་ཁང་།སྣེ་ལེན་ཁང་བཅས་ཀྱི་རྣམ་གྲངས་1སྐྲུན་མཚམས་བཞག་པ་དེའི་གཞི་ཁྱོན་སྨི་ངོས་གྲུ་510ཟིན་པ་བཅས་རེད།

“གཞུང་གྲོན་གསུམ”གྱི་འགྲོ་གྲོན་མང་དྲགས་པའི་གནད་དོན་བཅོས་སྒྲིག་བྱས་པ།བྱེད་སྒོ་ཁག་དང་པོ་སྤེལ་རིང“གཞུང་གྲོན་གསུམ”གྱི་འགྲོ་གྲོན་སྒོར་ཁྲི་3397.76ཁུ་བསྡུ་བྱས་ནས་18.68%ཉུང་དུ་ཕྱིན་པ་དང་།གཞུང་དོན་དུ་གནས་སྐབས་ཕྱི་རྒྱལ(ས་མཚམས་ཕྱི་རོལ་དུ)དུ་འགྲོ་རྒྱུ་ཁག་ཐེངས་20དང་མི་67ཉུང་དུ་བཏང་བ་རེད།བྱེད་སྒོ་ཁག་གཉིས་པ་སྤེལ་རིང་ས་ཁུལ་དང་གྲོང་ཁྱེར་ཁག་གིས“གཞུང་གྲོན་གསུམ”གྱི་འགྲོ་གྲོན་སྒོར་ཁྲི་6326.14ཉུང་དུ་བཏང་ནས་22.48%ཉུང་དུ་ཕྱིན་པ་དང་གཞུང་དོན་དུ་གནས་སྐབས་ཕྱི་རྒྱལ(ས་མཚམས་ཕྱི་རོལ་དུ)འགྲོ་རྒྱུ་ཁག་ཐེངས་10དང་མི་17ཉུང་དུ་བཏང་བ་རེད།

“རྔན་དངུལ”དང་དེ་བཞིན་དངོས་ཟོག་ཉོ་སྒྲུབ་གཱ་སོགས་ལེན་པའི་གནད་དོན་བཅོས་སྒྲིག་བྱས་པ།བྱེད་སྒོ་ཁག་དང་པོ་སྤེལ་རིང་མི་11གིས་རང་འགུལ་ངང“རྔན་དངུལ”དང་དེ་བཞིན་དངོས་ཟོག་ཉོ་སྒྲུབ་གཱ་གཞུང་འབུལ་བྱས་པ་དེ་དངུལ་སྒོར་ཁྲི་12.5ཟིན་པ་དང་།རང་འགུལ་ངང“རྔན་དངུལ”དང་དེ་བཞིན་དངོས་ཟོག་ཉོ་སྒྲུབ་གཱ་གཞུང་འབུལ་བྱས་མེད་པའི་མི་8ལ་ཞིབ་གཅོད་བྱས་པ་དེ་དངུལ་སྒོར་ཁྲི་1.1ཟིན་ཡོད་པ་རེད།བྱེད་སྒོ་ཁག་གཉིས་པ་སྤེལ་རིང་མི་4ཡིས་རང་འགུལ་ངང“རྔན་དངུལ”དང་དེ་བཞིན་དངོས་ཟོག་ཉོ་སྒྲུབ་གཱ་གཞུང་འབུལ་བྱས་པ་དེ་དངུལ་སྒོར་ཁྲི་1ཟིན་ཡོད།དུས་མཚུངས“འགྲོ་སྦྱོང”ལས་བྱེད་པ་38ལ་ཞིབ་གཅོད་བྱས་པ་དང་།ཏང་ཡོན་ལས་བྱེད་པས་རྒྱན་འཛུགས་ནང་ཞུགས་པའི་གྱོད་གཞི་13ལ་ཞིབ་གཅོད་བྱས་པ་དང་མི་31ལ་ཁྲིམས་ལྟར་ཐག་གཅོད་བྱས་པ།ཁེ་ལས་ནང་ལས་འགན་གཅིག་ལྕོགས(འགན་ཁུར)བྱེད་མཁན་ཏང་སྲིད་འགོ་ཁྲིད་ལས་བྱེད་པ་96ལ་གཏན་འབེབས་ལྟར་ཚད་ལྡན་དང་གཙང་བཤེར་བྱས་པ་བཅས་རེད།

མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་ལ་བཅོས་སྒྲིག་བྱས་པ།བྱེད་སྒོ་ཁག་དང་པོ་སྤེལ་རིང་བཅའ་ཁྲིམས་དང་ཞུ་གཏུག་དང་འབྲེལ་བ་ཡོད་པའི་གནད་དོན་56དང་མི་64ལ་ཞིབ་གཅོད་བྱས་པ་དང་ཁོར་ཡུག་སྲུང་སྐྱོང་གི་གནད་དོན་82ལ་ཞིབ་གཅོད་བྱས་པ་རེད།བྱེད་སྒོ་ཁག་གཉིས་པ་སྤེལ་རིང་ས་བསྡུ་བཤིག་སྤོའི་གནད་དོན་5དང་མི་17ལ་ཞིབ་གཅོད་བྱས་པ་དང་།ཞིང་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་40དང་མི་43ལ་ཞིབ་གཅོད་བྱས་པ།བཅའ་ཁྲིམས་དང་ཞུ་གཏུག་དང་འབྲེལ་བ་ཡོད་པའི་གནད་དོན་22དང་མི་40ལ་ཞིབ་གཅོད་བྱས་པ།བདེ་འཇགས་ཐོན་སྐྱེད་དང་འབྲེལ་བ་ཡོད་པའི་གནད་དོན་38དང་མི་60ལ་ཞིབ་གཅོད་བྱས་པ།བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཀྱི་གནད་དོན་59དང་མི་64ལ་ཞིབ་གཅོད་བྱས་པ།ཁོར་ཡུག་སྲུང་སྐྱོང་གི་གནད་དོན་47དང་མི་60ལ་ཞིབ་གཅོད་བྱས་པ།སློབ་གསོའི་བྱ་གཞག་འཕེལ་རྒྱས་གཏོང་བའི་གནད་དོན་5དང་མི་7ལ་ཞིབ་གཅོད་བྱས་པ།སྨན་བཅོས་འཕྲོད་བསྟེན་གྱི་གནད་དོན་1དང་མི་1ལ་ཞིབ་གཅོད་བྱས་པ་བཅས་རེད།བྱེད་སྒོ་ཁག་གཉིས་པ་སྤེལ་རིང་འགྲོ་གྲོན་གང་བྱུང་དུ་བསྡུས་པ་དང་།གང་བྱུང་དུ་དངུལ་ཆད་བཅད་པ།གང་བྱུང་དུ་བགོ་འགྲེམས་བྱས་པ།དམངས་ཕན་སྲིད་ཇུས་དོན་འཁྱོལ་ཡག་པོ་མ་བྱས་པ།མང་ཚོགས་ཀྱི་རྒྱུ་ནོར་འཐེན་འཕྲི་བྱས་པ་སོགས་ཀྱི་གནད་དོན་ལ་བཅོས་སྒྲིག་བྱས་ནས་གྱོད་གཞི་དང་འགན་འཁུར་བ་ཁག་གཅིག་ལ་ཞིབ་གཅོད་བྱས་པ་རེད།

མང་ཚོགས་བྱ་བ་སྒྲུབ་དཀའ་བའི་གནས་ཚུལ་བཅོས་སྒྲིག་བྱ་ཆེད་ལྗོངས་དེ་ཡོངས་སུ་རྫོང་དང་།ཤང་།གྲོང་ཚོ་བཅས་ཀྱི་དམངས་ཕན་ཞབས་ཞུའི་ལྟེ་གནས(ཚོམས་ཆེན་དང་ས་ཚིགས)921བཙུགས་པ་དང་འཐུས་ཚང་དུ་བཏང་བ་དང་།བྱ་བ་སྒྲུབ་པའི་གོ་རིམ་ཡོངས་བསྒྲགས་བྱས་པ་དང་སྟབས་བདེ་བཏང་བའི་ཚན་པ་988ཟིན་པ།བྱ་བ་སྒྲུབ་སྐབས་མང་ཚོགས་ལ་ངན་པ་བྱས་པའི་དཔེ་མཚོན་གྱོད་གཞི་18དང་མི་42ལ་ཞིབ་གཅོད་བྱས་པ་རེད།

འབད་བརྩོན་ལྷོད་མེད་ཀྱིས“ཕྱིར་མིག་ལྟ་བའི”བྱེད་སྒོ་སྒྲིག་འཛུགས་ཡག་པོ་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་དངོས་ཕན་ཐོབ་རྒྱུའི་དོན་གཉེར་བྱེད་དགོས།

“ཕྱིར་མིག་ལྟ་བའི”བྱེད་སྒོ་སྤེལ་རིང་བྱེད་སྒོ་ཁག་དང་པོ་དང་གཉིས་པའི་ཚན་པ་དང་བྱེད་སྒོ་ཁག་གཉིས་པའི་ཚན་པས་གོང་འོག་དབར་དག་ཐེར་དོན་འཁྱོལ་གྱི་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་དང་མཉམ་འགུལ་ངང་དག་ཐེར་བྱེད་པའི་ལམ་སྲོལ་བཟོས་ཏེ་ཐུན་མོང་ཐོག་ཐག་གཅོད་བྱེད་ཐབས་ཞིབ་འཇུག་བྱས་པ་དང་།ས་ཁུལ་དང་ཚན་པ་འགས་ཀྲུང་དབྱང་གི་བླང་བྱ་ལོན་མེད་པ་དང་མང་ཚོགས་བློ་ཡིད་མི་ཚིམ་པ་ཡིན་ཕྱིན་དུས་ཐོག་ཏུ་མི་འདང་ས་ཞིབ་བཤེར་དང་ཁ་གསབ་བྱས་པ་ལས་མགོ་ཡོད་མཇུག་མེད་གཏན་ནས་བྱས་མེད་པ།ས་ཁུལ་དང་ཚན་པ་འགས་དག་ཐེར་དོན་འཁྱོལ་ལ་མུ་མཐུད་དམ་འཛིན་བྱས་ནས་དག་ཐེར་བྱས་ཟིན་པ་མཐའ་འཁྱོངས་བྱེད་པ་དང་གྲུབ་འབྲས་སྲ་བརྟན་དུ་གཏོང་བ།ད་དུང་ས་ཁུལ་དང་ཚན་པ་འགས་དག་ཐེར་བྱེད་ཁོམ་མ་བྱུང་བ་རྣམས་འཆར་གཞི་ལྟར་དོན་འཁྱོལ་ལ་སྐུལ་འདེད་བཏང་ནས་དམངས་ཀྱི་ཡིད་ཆེས་ཐོབ་པ་བཅས་བྱས་ཡོད་པ་རེད།

འབད་བརྩོན་ལྷོད་མེད་ཀྱིས་རྒྱུན་དུ་དམ་འཛིན་དང་།དམ་འཛིན་ཞིབ་ཕྲ།ཡུན་རིང་དམ་འཛིན་བཅས་བྱེད་པ་དང་བླང་དོར་ཟུང་འབྲེལ་བྱས་པས་ལམ་ལུགས་ལག་བསྟར་བྱེད་ཤུགས་དང་གཅུན་སྡོམ་ནུས་པ་ཆེ་རུ་ཕྱིན་པ་དང་ཏང་ཡོན་ལས་བྱེད་པས་སྒྲིག་ལམ་ལྟར་ལས་དོན་སྒྲུབ་པ་དང་དབང་ཆ་སྤྱོད་པའི་འདུ་ཤེས་རིམ་བཞིན་ཟབ་ཏུ་ཕྱིན་ཡོད།

སྤྱོད་ཚུལ་ཐད་གནས་པའི་གནད་དོན་གཞི་རྩའི་ཐོག་ནས་ཐག་གཅོད་བྱེད་པར་འབད་བརྩོན་ལྷོད་མེད་ཀྱིས་རྒྱུན་དུ་དམ་འཛིན་དང་།ཞིབ་ཕྲར་དམ་འཛིན།ཡུན་རིང་དམ་འཛིན་བཅས་བྱེད་པ་དང་བླང་དོར་ཟུང་འབྲེལ་བྱས་ནས་སྤྱོད་ཚུལ་འགྱུར་ལྡོག་གཏོང་བ་དང་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱ་རྒྱུ་དེ་ལམ་ལུགས་ཅན་དང་རྒྱུན་གཏན་ཅན་དུ་འགྱུར་བ་བྱེད་དགོས།

ཧྲུའུ་ཅི་ཁྲེན་ཆོན་གོས་སྒྱུར་བཅོས་དང་གསར་གཏོད་ཀྱི་སྙིང་སྟོབས་དང་ཁྲིམས་ལུགས་ཀྱི་བསམ་ཕྱོགས་ཐོག་ནས་ལམ་ལུགས་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ་དང་།རིགས་པའི་གཞུང་ལུགས་སློབ་སྦྱོང་དང་།ལས་གནས་བརྟན་སྲུང་།དགོངས་སྐོར་སྙན་ཞུ།ལས་བྱེད་པ་གོ་གནས་འཕར་རྒྱུ་ཡོད་ལ་འབེབས་རྒྱུ་ཡོད་པ།ཏང་ཡོན་ནང་འཇུག་རྒྱུ་ཡོད་ལ་འབུད་རྒྱུ་ཡོད་པ།གཞི་རིམ་ཏང་ཡོན་ལས་བྱེད་པ་གསོ་སྦྱོང།མང་ཚོགས་དང་ཐད་ཀར་འབྲེལ་བ་བྱེད་པ་དང་ཞབས་འདེགས་ཞུ་བ།ཏང་ནང་གི་འཚོ་བ་ནན་དུ་གཏོང་བ་སོགས་ཀྱི་ལམ་ལུགས་བཟོས་པ་དང་འཐུས་ཚང་དུ་བཏང་སྟེ་ལག་ལེན་བསྟར་ནས་ནུས་པ་ཐོན་པའི་བྱེད་ཐབས་བརྒྱུད་རིམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

མིག་སྔའི་བར་ལྗོངས་ཏང་ཨུད་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་ལམ་ལུགས་13བཟོས་ནས་བཏོན་ཡོད།ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་གནད་དོན་ཞིབ་བསྡུར་དང་གྲལ་བཤེར་བྱེད་སྐབས་ཉེ་བའི་ལོ་ཤས་རིང་།ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱེད་པ་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་འབྲེལ་ཡོད་ལམ་ལུགས་དང་ཡིག་ཆ་སྒོ་ཀུན་ནས་གྲལ་བཤེར་དང་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་པ་དང་།ད་ཡོད་ལམ་ལུགས་ཀྱི་གྲུབ་འབྲས་བསྡུ་ལེན་གང་ལེགས་བྱེད་པ།ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་བསྡུ་ལེན་བྱེད་པ་བཅས་ཀྱི་རྨང་གཞིའི་ཐོག་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཁྱོན་ཁག་12དང་ཞིབ་ཕྲའི་ལམ་ལུགས་25ཡོད་པའི《བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ལམ་ལུགས་འཛུགས་སྐྱོང་འཆར་གཞི》བཟོས་པ་དེའི་ནང་འགན་འཁུར་འགོ་ཁྲིད་དང་།སྒྲུབ་འགན་ཁས་ལེན་སྡེ་ཚན།མཇུག་འགྲིལ་དུས་བཀག་བཅས་ཁ་གསལ་བཟོས་ཡོད།མིག་སྔར་ཞིབ་ཕྲའི་ལམ་ལུགས་ཁག་20བཏོན་ཟིན་པ་དེ་ཆབ་སྲིད་སྒྲིག་ལམ་དང་།ཐད་ཀར་མང་ཚོགས་དང་འབྲེལ་བ་བྱེད་པ།མང་ཚོགས་ཀྱི་རེ་ཞུ་མཚོན་པའི་ཐབས་ལམ་ཤར་གཏོང་བྱེད་པ།ལས་གནས་བརྟན་སྲུང་།ཡོངས་བསྒྲགས་ངང་ཁས་ལེན་བྱེད་པ།འགན་འཁྲི་བདའ་འདེད།སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་དང་འབྲེལ་བ་ཡོད་པ་དང་ལམ་ལུགས་གཞན་5ནི་2014ལོའི་ཟླ་དྲུག་པའི་ཟླ་མཇུག་ཏུ་ལེགས་གྲུབ་ཟིན་པ་རེད།

ད་ལྟ་སྔར་ཡོད་ལམ་ལུགས་338མེད་པ་བཟོས་པ་དང་།ལམ་ལུགས་1253ལ་བཟོ་བཅོས་བརྒྱབ་པ་དང་འཐུས་ཚང་དུ་བཏང་བ།ལམ་ལུགས་522གསར་དུ་བཟོས་པ།ལམ་ལུགས་870གསར་དུ་བཟོ་རྩིས་ཡོད་པ་བཅས་ནང་ཏང་ཀྲུང་དབྱང་གི་པུའུ་ཨུད་ཀྱི་འབྲེལ་ཡོད་ལམ་ལུགས་དང་གཏན་འབེབས་དང་ཆ་ལག་ཚང་བའི་ལམ་ལུགས་234ཡོད་པ་རེད། །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག