མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

གནམ་མཚོ་རྒྱལ་ཁབ་སྤྱི་གླིང་གིས་ཕྱོགས་བསྡུས་ཞབས་ཞུའི་ཁུལ་གྱི་ལྷན་སྦྱར་སྒྲིག་བཀོད་རྣམ་གྲངས་བསྐྲུན་རྒྱུ་ཡིན་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-10-23 10:53

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་ལྷ་སའི་པོ་ཏ་ལའི་ཡུལ་སྐོར་རིག་གནས་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། གནམ་མཚོའི་རྒྱལ་ཁབ་སྤྱི་གླིང་འདི་་ཉིད་དེ་བས་ལེགས་པའི་ངང་བོད་ཀྱི་ཡུལ་སྐོར་མིང་བྱང་ཅིག་ཏུ་གཏོད་ཆེད། ཀུང་སི་དེས་གནམ་མཚོའི་ཕྱོགས་བསྡུས་ཞབས་ཞུའི་ཁུལ་གྱི་ལྷན་སྦྱར་སྒྲིག་བཀོད་རྣམ་གྲངས་ལས་གྲྭ་འཛུགས་སྐྲུན་བྱེད་འགོ་འཛུགས་རྒྱུ་དང་། རྣམ་གྲངས་ཀྱི་སྤྱིའི་མ་དངུལ་ཚོད་རྩིས་བྱས་པར་སྒོར་དུང་ཕྱུར2ལས་བརྒལ་རྒྱུ་ཡིན་པ་དེས། གཙོ་བོ་མཛེས་ལྗོངས་ཁུལ་ནང་གི་ཕྱོགས་བསྡུས་ཞབས་ཞུའི་ཁུལ་གྱི་ལྷན་སྦྱར་སྒྲིག་བཀོད་འཐུས་ཚང་དུ་གཏོང་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གནམ་མཚོ་མཛེས་ལྗོངས་ཁུལ་གྱི་དུས་ཐེངས་དང་པོའི་འཛུགས་སྐྲུན་ཁྲོད་མཛེས་ལྗོངས་ཁུལ་རབ་དང་རིམ་པ་བཏོད་པ་དཔེར་ན། ལ་རྒན་ལ་ལྗོངས་ལྟའི་སྟེགས་བུ་དང་། འདམ་རའི་མཛེས་ལྗོངས་བར་ཁྱམས་བཏོད་རྒྱུ་མ་ཟད། ལ་རྒན་ལ་ནས་འདམ་རའི་ལམ་བརྒྱུད་ཀྱི་ལྗོངས་ལྟའི་སྟེགས་བུ་ཁོ་ན་ཆེ་བ་གཉིས་དང་ཆུང་བ་བཞི་ཁྱོན6ཡོད་པར་ལྗོངས་ལྟའི་སྟེགས་བུ་ཆེ་བ་ཚང་མའི་བཟོ་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ1000ཙམ་དང་། ལྗོངས་ལྟའི་སྟེགས་བུ་ཆུང་གྲས་ཚང་མའི་རྒྱ་ཁྱོན་སྨི་ངོས་གྲུ300ལྷག་ཡོད་པ་རེད།

དེ་དག་གི་ཉམས་འགྱུར་ནི་བོད་རིགས་ཀྱི་སྡོད་ཁང་རྣམ་པ་ཡིན་པ་དང་། བོད་རིགས་ཀྱི་བཟོ་སྐྲུན་ཁྱད་ཆོས་ལྡན་པའི་མཛེས་ལྗོངས་ཁུལ་གྱི་རྒྱལ་སྒོ་སོགས་ཡོད། ད་ཐེངས་ཀྱི་ཕྱོགས་བསྡུས་ཞབས་ཞུའི་ཁུལ་གྱི་ལྷན་སྦྱར་སྒྲིག་བཀོད་རྣམ་གྲངས་གསར་སྤེལ་བྱས་ནས། དུས་འགོར་གསར་སྤེལ་ལེགས་གྲུབ་ཟིན་པའི་ལས་གྲྭར་དེ་བས་ལེགས་པའི་ངང་གཞོགས་འདེགས་ཐུབ་རྒྱུ་རེད།

འདི་ལོ་གནམ་མཚོའི་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་སྔ་ལོ་ལས་དེ་བས་མང་བ་ཡོད་ཅིང་། གནམ་མཚོ་མཛེས་ལྗོངས་ཁུལ་གྱི་ས་གནས་ས་ཐོག་གི་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཡུལ་སྐོར་བྱེད་མང་བའི་དུས་་ཚིགས་སུ་ཉིན་ལྟར་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་ཆ་སྙོམས་བྱས་ན་མི་ཐེངས4000ཙམ་ཟིན་ནས། ལོ་རིམ་བྱུང་གི་མཛེས་ལྗོངས་ཁུལ་གྱི་སྣེ་ལེན་གྱི་ཟིན་ཐོ་གསར་པ་བཏོད་པ་རེད།

ལྷ་ས་པོ་ཏ་ལ་ཡུལ་སྐོར་རིག་གནས་ཚོགས་པ་ཚད་ཡོད་ཀུང་སིའི་རྣམ་གྲངས་གསར་སྤེལ་པུའི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། དུས་འགོར་གསར་སྤེལ་བྱས་པའི་རྣམ་གྲངས་རྒྱུན་མཐུད་བྱེད་པ་དང་། ད་ཡོད་ཀྱི་ཡུལ་སྐོར་ཐོན་ཁུངས་སྲ་བརྟན་དུ་གཏོང་བ། མཛེས་ལྗོངས་ཁུལ་དེ་བས་འཐུས་སྒོ་ཚང་བ། རྨང་གཞིའི་སྒྲིག་བཀོད་ཁག་བཀོད་སྒྲིག་དེ་་བས་ལུགས་མཐུན་བཅས་བྱ་ཆེད། ད་ཐེངས་ཀྱི་ཕྱོགས་བསྡུས་ཞབས་ཞུའི་ཁུལ་གྱི་་ལྷན་སྦྱར་སྒྲིག་བཀོད་རྣམ་གྲངས་ཀྱི་འཛུགས་སྐྲུན་ནང་ཨར་ཁང་གི་ཞག་སྡོད་ཁུལ་དང་། བཟའ་བཏུང་ཞབས་ཞུའི་ཁུལ། ཡུལ་སྐོར་ཟོག་ཉོའི་ཉམས་ལེན་ཁུལ། ཚོང་་དུད་ཞག་སྡོད་ཁུལ། ལས་བཟོའི་གཞུང་དོན་བསྒྲུབས་པ་དང་འཚོ་བ་སྐྱེལ་ཁུལ། འགྲུལ་སྐྱེལ་རླངས་འཁོར་འཇོག་ས། ཉམས་གསོའི་ཁུལ་དང་ཞོར་གཏོགས་སྒྲིག་བཀོད་སོགས་རྨང་གཞིའི་སྒྲིག་བཀོད་གསར་སྤེལ་བྱ་རྒྱུ་ཡིན་པ་དེས་བསྡོམས་ས་ཆ་བཟུང་ཁྱོན་མུའུ310ཟིན་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག