མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་གྲོང་ཁྱེར་གྱིས་དམངས་སྲིད་རྣམ་གྲངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་བཏང་བ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-23 10:41

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ། ལྷ་ས་གྲོང་ཁྱེར་གྱིས་བསྡོམས་པས་དམངས་སྲིད་རྣམ་གྲངས86འཛུགས་སྐྲུན་བྱས་ཤིང་། སྤྱིའི་མ་དངུལ་སྒོར་ཁྲི39508.46ལྷག་བཏང་ཡོད་པ་རེད།

མིག་སྔར་རྣམ་གྲངས་དེ་དག་ཁྲོད་རྣམ་གྲངས24ལེགས་འགྲུབ་བྱུང་ཞིང་། བསྡོམས་པས་མ་དངུལ་སྒོར་ཁྲི3621.64བཏང་ཡོད། དེ་དག་ཁྲོད་གྲོང་ཁྱེར་དང་། རྫོང་། ཤང་བཅས་རིམ་པ་གསུམ་གྱི་རྒུད་སྐྱོབ་མཛོད་ཁང་དང་། སྤྱི་ཚོགས་ཕན་བདེ་ཁང་། གྲོང་རྡལ་འདུས་སྡོད་ཁུལ་གྱི་ཞབས་ཞུ་ལྟེ་གནས་སོགས་ཀྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་རྣམ་གྲངས་བཅས་འདུས། འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས40ཡོད་པ་དང་། མ་དངུལ་སྒོར་ཁྲི26840.62བཏང་ཡོད་ཅིང་། དེ་དག་ནི་གཙོ་བོ“གཅིག་བསྡུས་གཉིས”རྣམ་གྲངས་དང་། གྲོང་རྡལ་འདུས་སྡོད་ཁུལ་གྱི་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་རྣམ་གྲངས་ཡིན། དུས་རིམ་སྔོན་མའི་བྱ་བ་སྤེལ་བཞིན་པའི་རྣམ་གྲངས22ཡོད་པ་དང་། བསྡོམས་པས་མ་དངུལ་སྒོར་ཁྲི9046.2བཏང་ཡོད། རྣམ་གྲངས་གཙོ་བོ་ནི་རྫོང་གསུམ་གྱི་སྤྱི་ཚོགས་ཕན་བདེ་ཁང་དང་། ལྷ་ས་གྲོང་ཁྱེར་གྱི་བྱིས་པའི་ཕན་བདེ་ཁང་། ལྷ་ས་གྲོང་ཁྱེར་གྱི་མི་རྒན་པའི་བདག་སྐྱོང་ཁང་སོགས་འཛུགས་སྐྲུན་བྱ་རྒྱུ་དེ་ཡིན། དུས་རིམ་སྔོན་མའི་བྱ་བ་ལེགས་འགྲུབ་བྱུང་བའི་རྣམ་གྲངས17ཡོད་པ་དང་། དེ་དག་ནི་གཙོ་བོ་ལྷ་ས་གྲོང་ཁྱེར་གྱི་ལོ་ན་མ་སོན་པའི་བུ་ཕྲུག་གི་རོགས་སྐྱོར་སྲུང་སྐྱོབ་ལྟེ་གནས་དང་། རོགས་སྐྱོར་ས་ཚིགས་ཞིག་གསོ་བསྒྱུར་བཀོད་རྣམ་གྲངས། དེ་མིན་གྲོང་རྡལ་འདུས་སྡོད་ཁུལ་གྱི་ཞབས་ཞུ་ལྟེ་གནས་རྣམ་གྲངས་བཅས་ཡིན་པ་རེད། །

 

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག