མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་གྲོང་ཚོ་སྟོང་ལྷག་གི་མི་སྡོད་ཁོར་ཡུག་གཙང་བཅོས་བྱ་བའི་ཐད་མ་དངུལ་སྒོར་དུང་ཕྱུར8.49བཏང་བ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-23 10:41

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་ནོར་སྲིད་ཐིན་ནས་རྒྱུས་ལོན་བྱུང་ལྟར་ན། 2014ལོར་རང་སྐྱོར་ལྗོངས་ཀྱིས་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར6.94བཏང་སྟེ། སྲིད་འཛིན་གྲོང་ཚོ1000གི་ཞིང་བའི་མི་སྡོད་ཁོར་ཡུག་དང་ཁོར་ཡུག་ཕྱོགས་བསྡུས་གཙང་བཅོས་བྱེད་པའི་བྱ་བ་ལག་བསྟར་བྱེད་པར་བཀོད་སྒྲིག་བྱས། མིག་སྔར་བྱ་བ་སོ་སོའི་འཕེལ་རིམ་བདེ་བླག་ཡིན།

རྒྱུས་ལོན་བྱུང་བ་ལྟར་ན། ཟླ9བའི་ཟླ་མཇུག་བར་དུ། སྲིད་འཛིན་གྲོང་ཚོ1000གི་གཙང་བཅོས་ལས་གཞི་ཡོངས་སུ་འཛུགས་སྐྲུན་བྱེད་འགོ་ཚུགས་ཤིང་། ས་ལས་ཕྱོགས་ཀྱི་ལས་གཞི་ཕལ་ཆེར་ལེགས་འགྲུབ་བྱུང་། སྲིད་གཞུང་གིས་ཉོས་བའི་སྒྲིག་ཆས་སོ་སོ་ལ་སྐྱེལ་ནས་ལྷུ་སྒྲིག་བྱེད་བཞིན་པའི་སྒང་ཡིན། ལས་གཞི་ཐད་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར8.49བཏང་བ(དེའི་ནང་རང་སྐྱོང་ལྗོངས་ཀྱི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར5.37དང་། ས་ཁུལ་རིམ་པའི་མ་དངུལ་སྒོར་དུང་ཕྱུར1.63། རྫོང་རིམ་པའི་མ་དངུལ་དུང་ཕྱུར0.74། མང་ཚོགས་མ་དངུལ་སྒོར་དུང་ཕྱུར0.75བཅས་འདུས)ལེགས་འགྲུབ་བྱུང་ཡོད་པ་རེད།

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག