མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་བཤད་འགྲན་བསྡུར་གྱི་བྱ་དགའ་སྤྲོད་པའི་མཛད་སྒོ་སྤེལ་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-10-21 11:03

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚེས19ཉིན་གྱི་ཕྱི་དྲོ། མཐུན་སྒྲིལ་གྱི་ཕུགས་འདུན་སྒྲུབ་པ་དང་གོང་འཕེལ་གྱི་ཕུགས་འདུན་དོན་གཉེར་བྱེད་པ། ཀྲུང་གོའི་ཕུགས་འདུན་སྒྲུབ་པ་ཞེས་པའི་བོད་རང་སྐྱོང་ལྗོངས་ཀྱི་སྐབས་གཉིས་པའི་སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་མའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་བཤད་འགྲན་བསྡུར་གྱི་སྤྱིའི་མཐའ་བསྡུར་དང་བྱ་དགའ་སྤྲོད་པའི་མཛད་སྒོ་ལྷ་སར་འཚོགས་པ་རེད།

རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི། རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་སློབ་གསོའི་གསར་གཏོད་དཔྱད་འདེམས་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བློ་བཟང་འགྱུར་མེད་ཀྱིས་གཏམ་བཤད་འགྲན་བསྡུར་ལ་གཟིགས་པ་རེད།

ཐེངས་འདིའི་འགྲན་བསྡུར་དེ་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་སློབ་གསོ་གསར་གཏོད་དཔྱད་འདེམས་འགོ་ཁྲིད་ཚོགས་ཆུང་དང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ། རང་སྐྱོང་ལྗོངས་མི་རིགས་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་། རང་སྐྱོང་ལྗོངས་སློབ་གསོ་ཐིང་། རང་སྐྱོང་ལྗོངས་སྡེ་ཚོགས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་སློབ་གསོ་གསར་གཏོད་དཔྱད་འདེམས་གཞུང་ལས་ཁང་དང་བོད་ལྗོངས་གསོ་རིག་སློབ་གླིང་གིས་གཉེར་འགན་ཁུར་ཡོད་པ་རེད།

ལྗོངས་ཡོངས་ཀྱི་སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་གྲྭ་བཅུ་ནས་ཡོང་བའི་སློབ་མ20སྤྱིའི་མཐའ་བསྡུར་ནང་བཞུགས་ནས་བྱ་དགའ་ཨང་དང་པོ་ཐོབ་མཁན2དང་། བྱ་དགའ་ཨང་གཉིས་པ་ཐོབ་མཁན4། བྱ་དགའ་ཨང་གསུམ་པ་ཐོབ་མཁན6། ཕུལ་བྱུང་བྱ་དགའ་ཐོབ་མཁན8། སྒྲིག་འཛུགས་ལེགས་ཤོས་ཀྱི་བྱ་དགའ་ཐོབ་མཁན3། སྒྲིག་འཛུགས་ཕུལ་བྱུང་བྱ་དགའ་ཐོབ་མཁན3། སྒྲིག་འཛུགས་བྱ་དགའ་ཐོབ་མཁན3བཅས་དཔྱད་འདེམས་བྱུང་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག