མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཉིང་ཁྲིའི་སྐབས་བཅུ་པའི་ཡར་ཀླུང་གཙང་པོའི་རོང་ཆེན་རིག་གནས་ཡུལ་སྐོར་དུས་ཆེན་འགོ་ཚུགས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-10-21 11:03

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚེས18ཉིན་གྱི་དགོང་མོ་ཉིང་ཁྲིའི་སྐབས་བཅུ་པའི་ཡར་ཀླུང་གཙང་པོའི་རོང་ཆེན་རིག་གནས་ཡུལ་སྐོར་དུས་ཆེན་འགོ་ཚུགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཉིང་ཁྲིའི་སྐབས་བཅུ་པའི་ཡར་ཀླུང་གཙང་པོའི་རོང་ཆེན་རིག་གནས་ཡུལ་སྐོར་དུས་ཆེན་དེ་ད་ལོའི་སྤྱི་ཟླ་བདུན་པ་ནས་སྤྱི་ཟླ་བཅུ་གཅིག་པའི་བར་རྒྱུན་བསྲིང་བྱེད་པ་དང་། ཉིང་ཁྲིའི་སྟོན་ཁ་དང་དགུན་ཁའི་ཡུལ་སྐོར་ཐོན་རྫས་འོས་སྦྱོར་ཚོགས་འདུ་དང༌། སྤྱི་ལོ2014ལོའི་ཀོང་པོའི་མཛེས་ལྗོངས་བརྒྱ་ཞེས་པའི་པར་ལེན་འགྲན་བསྡུར་ནང་བྱ་དགའ་ཐོབ་པའི་བརྩམས་བྱར་བྱ་དགའ་སྤྲོད་པའི་མཛད་སྒོ་སོགས་སྣེ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་བ་རེད། ཕྱོགས་མང་པོ་དང་ལྟ་ཕྱོགས་མང་པོའི་ཐོག་ནས་ཉིང་ཁྲི་ས་ཁུལ་གྱི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་པ་དང་ཆབས་ཅིག ད་དུང་ཁེ་ལས་ཞུགས་པའི་རྣམ་པའི་ཐོག་ནས་ཆིང་དའོ་སྦི་རག་རབ་དགའི་རོལ་རྩེད་དུས་ཆེན་དང་། བྲག་ཡིབ་གྲོང་རྡལ་བསྐོར་བའི་རྐང་འཁོར་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་ཡོད་ལ་རྐང་ཐང་མར་བསྐྱོད་པའི་འགྲན་བསྡུར་དང་། ཀོང་པོའི་ལོ་གསར་སོགས་ཆེད་དོན་བྱེད་སྒོ་ཡང་སྤེལ་བ་རེད། །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག