མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཀྲིན་ཀྲུའུ་ནས་ལྷ་ས་བར་གྱི་མཁའ་ལམ་ཟླ10བའི་ཚེས26ཉིན་ཤར་གཏོང་བྱ་རྒྱུ་རེད།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-21 10:57

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ནུབ་ཕྱོགས་མཁའ་འགྲུལ་ཀུང་ཟི་ཡིས་ཀྲིན་ཀྲའུ་ནས་བསྡུས་པའི2014ལོའི་ཀྲིན་ཀྲུའུ་ནས་ལྷ་ས་བར་གྱི་མཁའ་ལམ་གསར་བ་ཤར་གཏོང་བྱེད་པའི་སྐུལ་སྤེལ་ཚོགས་འདུ་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ནུབ་ཕྱོགས་མཁའ་འགྲུལ་ཀུང་ཟིས་ཟླ10བའི་ཚེས26ཉིན་ཀྲིན་ཀྲུའུ་ནས་ལྷ་ས་བར་གྱི་མཁའ་ལམ་གསར་བ་ཤར་གཏོང་བྱེད་རྒྱུ་ཡིན་ཞིང་། འདི་ནི་ནུབ་ཕྱོགས་མཁའ་འགྲུལ་ཀུང་ཟིས་ཟླ10བར་གཙོ་གནད་དུ་གཏོད་པའི་མཁའ་ལམ་གསར་བ་ཡིན་པ་མ་ཟད། ཀྲིན་ཀྲུའུ་ནས་ལྷ་ས་བར་ཐད་ཀར་དུ་འཕར་བའི་མཁའ་ལམ་ཐོག་མའང་ཡིན། མཁའ་ལམ་བཏང་རྗེས། ཀྲིན་ཀྲུའུ་ནས་ལྷ་ས་བར་ཆུ་ཚོད4.75དགོས་ཤིང་། ལྷ་ས་ནས་ཀྲིན་ཀྲུའུ་བར་ཆུ་ཚོད3.92མ་གཏོགས་མི་དགོས་བས། མེ་འཁོར་དང་བསྡུར་ན་ཀྲིན་ཀྲུའུ་ནས་ལྷ་ས་བར་ཉིན་གཉིས་དགོས་བའི་དུས་ཡུན་དེ་ཇེ་ཐུང་དུ་བཏང་ཡོད། དེ་ལས་ཀྲིན་ཀྲུའུ་གནམ་གྲུ་ཐང་གིས་སྔར་ཡོད་མཁའ་ལམ་ཐོག་དང་པོར་རྒྱལ་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས།  །

郑州至拉萨航线26日开通

记者近日从西部航空在郑州举行的2014年郑州——拉萨新开航线推介会上了解到,西部航空10月26日将开通郑州——拉萨航线,这是西部航空10月份重点打造的新航线,也是郑州至拉萨的第一个直飞航班。航线开通后,郑州至拉萨4.75小时,拉萨至郑州仅3.92小时,相比坐火车从郑州去拉萨要用2天时间大大缩短。至此,郑州机场现有航线首次覆盖全国。

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག