མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷོ་ཁ་ས་ཁུལ་གྱིས་འབྲུ་རིགས་བསྡུ་བའི་བྱ་བ་བདེ་བླག་ངང་སྤེལ་བ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-20 10:45

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་ལྷོ་ཁ་ས་ཁུལ་གྱི་ཞིང་ཕྱུགས་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་ལྷོ་ཁ་ས་ཁུལ་གྱིས་འབྲུ་རིགས་བསྡུ་བའི་བྱ་བ་བདེ་བླག་ངང་སྤེལ་བཞིན་ཡོད་དེ། ཚོད་རྩིས་བྱས་པ་ལྟར་ན་ད་ལོར་འབྲུ་རིགས་ཐོན་ཚད་ཏུང་ཁྲི17.898ལ་སླེབས་རྒྱུ་ཡིན་ཞིང་། ལོ་སྔོན་མ་དང་བསྡུར་ན་ཏུང་ཁྲི0.148འཕར་སྣོན་བྱུང་ཡོད།

སྟོན་བསྡུ་བའི་བྱ་བ་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱ་ཆེད། ཟླ8པའི་ཟླ་འགོར་ལྷོ་ཁ་ས་ཁུལ་ཞིང་ཕྱུགས་ཅུའུ་ཡིས《སྔར་ཡོད་འདེབས་འཛུགས་ལས་རིགས་ལ་ཤུགས་སྣོན་ནན་ཏན་བྱེད་པའི་བརྡ་སྤྱོར》ཆེད་དུ་བཏང་བ་མ་ཟད། “སྟོན་གསུམ”གྱི་བྱ་བར་དམིགས་ཏེ་བླང་བྱ་བཏོན། རྒྱུས་ལོན་བྱུང་བ་ལྟར་ན། ཟླ9བའི་ཟླ་དཀྱིལ་བར་དུ། ས་ཁུལ་ཡོངས་ཀྱིས་སྟོན་བསྡུ་བའི་གཞི་ཁྱོན་མུའུ་ཁྲི29.34%ལེགས་འགྲུབ་བྱུང་ཞིང་། འབྲུ་རིགས་བཟའ་སྣུམ་སྤྱིའི་གཞི་ཁྱོན་གྱི80.23%ཟིན། གཙང་བོའི་འབབ་རྒྱུད་ཀྱི་རྫོང་སོ་སོའི་སྟོན་བསྡུ་བའི་བྱ་བ་མཇུག་སྒྲིལ་ལ་ཉེ་ཞིང་། སྟོན་འདེབས་བྱ་བའང་བསྟུད་མར་སྤེལ་བཞིན་ཡོད་དེ། ཞིང་ལུད་འཇོག་པའི་བྱ་བ་མཇུག་རྫོགས་ཤིང་། ད་ལྟ་ས་བོན་ལེགས་འདེམས་དང་གཏོང་འདྲེན་བྱེད་བཞིན་པའི་སྒང་ཡིན།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག