མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་སློབ་གསོ་ཉིན་རེ་བཞིན་འཐུས་ཚང་དུ་གྱུར་བ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-20 10:45

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 1999ལོར་རབ་འབྱམས་པའི་ཞིབ་འཇུག་སློབ་མ་སྐབས་དང་པོ་སློབ་གྲྭ་ཞུགས་པ་ནས་ད་ལྟའི་བར། བོད་ལྗོངས་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་སློབ་གནས་སློབ་གསོ་ལེགས་པོ་སྤེལ་ཏེ། ཞིབ་འཇུག་སློབ་མ་བསྡུ་བའི་གཞི་ཁྱོན་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པས། ཞིབ་འཇུག་སློབ་མའི་སློབ་གནས་སློབ་གསོ་ཉིན་རེ་བཞིན་འཐུས་ཚང་དུ་གྱུར།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། 1998ལོ་ནས་བཟུང་བོད་ལྗོངས་སློབ་ཆེན་གྱིས་རབ་འབྱམས་པའི་སློབ་གནས་གནང་བའི་ལས་ཁུངས་དང་ཞིབ་འཇུག་སློབ་མ་སྐྱེད་སྲིང་བྱ་ཡུལ་དུ་གྱུར་བར་སྙན་ཞུ་ཕུལ། 2013ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གནས་ཨུ་ཡོན་ལྷན་ཁང་གིས་བོད་ལྗོངས་སློབ་ཆེན་དེ་འབུམ་རམས་པའི་སློབ་གནས་གནང་བའི་ལས་ཁུངས་ཡིན་པར་ཆོག་མཆན་གནང་ཞིང་། མི་རིགས་རིག་པ་དང་། ཀྲུང་གོའི་སྐད་བརྡ་རིག་པ། སྐྱེ་ཁམས་རིག་པ་བཅས་རིམ་པ་དང་པོའི་རིག་གཞུང་ཚན་ཁག3ལ་འབུམ་རམས་པའི་སློབ་གནས་གནང་བའི་ཆོག་མཆན་ཐོབ།

མིག་སྔར་བོད་ལྗོངས་སློབ་ཆེན་དུ་རབ་འབྱམས་པའི་སློབ་གནས་གནང་བའི་རིམ་པ་དང་པོའི་རིག་གཞུང7ཡོད་པ་དང་། རབ་འབྱམས་པའི་སློབ་གནས་གནང་བའི་རིམ་པ་གཉིས་བའི་རིག་གཞུང30ཡོད་ཅིང་། རབ་འབྱམས་པའི་སློབ་གནས་གནང་སའི་ཆེད་ལས2ཡོད། མིག་སྔར་བོད་ལྗོངས་སློབ་ཆེན་དུ་ཞིབ་འཇུག་སློབ་མ571ཡོད་པ་དང་། མཐར་ཕྱིན་པའི་སློབ་མ་སྐབས11སྟེ་མི510ཟིན་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག