མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་རོང་འབྲོག་པའི་ཁྱིམ་ཚང90%ཡིས་རྒྱང་སྒྲོག་བརྙན་འཕྲིན་ཁྱིམ་ཚམ་རེ་རེ་ལ་འཐེན་པ་མངོན་འགྱུར་བྱས།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-17 11:00

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་ལམ་བོད་ལྗོངས་ཉིང་ཁྲི་ས་ཁུལ་ནས་བསྡུས་པའི་རྒྱལ་ཡོངས་ཀྱི་གསར་འགྱུར་པར་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་ཁ་གཏད་བོད་སྐྱོར་ཚོགས་འདུ་སྟེང་ནས་རྒྱུས་ལོན་བྱུང་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། བོད་ལྗོངས་ཀྱི་རོང་འབྲོག་ཁུལ་དུ་རྒྱང་སྒྲོག་བརྙན་འཕྲིན་ཁྱབ་རྒྱ་ཇེ་ཆེར་སོང་ཡོད་དེ། ད་ལྟར་རོང་འབྲོག་པའི་ཁྱིམ་ཚང90%ཡན་ལ་རྒྱང་སྒྲོག་བརྙན་འཕྲིན་ཁྱིམ་ཚམ་རེ་རེ་ལ་འཐེན་པ་མངོན་འགྱུར་བྱུང་།

རྒྱུས་ལོན་བྱུང་བ་ལྟར་ན། རྒྱང་སྒྲོག་བརྙན་འཕྲིན་ཁྱིམ་ཚམ་རེ་རེ་ལ་འཐེན་པའི་ལས་གཞི་ལས་རོང་འབྲོག་པར་བརྙན་འཕྲིན་དང་རྒྱང་སྒྲོག་སྐོར་གྱི་ལེ་ཚན་མཁོ་འདོན་བྱེད་ཐུབ་པ་མ་ཟད། རོང་འབྲོག་པས་ད་དུང་ཞིང་ལས་དང་འབྲེལ་བའི་གནམ་གཤིས་གནས་ཚུལ་དང་། ཞིང་ལས་ཚན་རྩལ། ཞིང་ལས་ཐོན་རྫས་ཀྱི་རིན་གོང་འགྱུར་ལྡོག་བཅས་ཀྱི་ཞབས་ཞུ་སྐོར་གྱི་ཆ་འཕྲིན་རྒྱུས་ལོན་བྱེད་ཐབ་ལ། རོང་འབྲོག་པའི་ཐོན་སྐྱེད་བྱ་བར་བཀོད་སྒྲིག་དང་། ཞིང་ལས་ཐོན་རྫས་ཀྱི་ཉོ་ཚོང་ཕྱོགས་ལ་ཆ་འཕྲིན་བཟང་བོ་མཁོ་འདོན་བྱེད་ཐུབ། 2013ལོར། བོད་ལྗོངས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་མི་གྲངས་ལྟར་ཕྱོགས་བསྡུས་ཁྱབ་ཚད་སོ་སོ་ནས94.4%དང95.5%ལ་སླེབས་ཡོད་དེ། དེ་ལས་རོང་འབྲོག་པའི་རིག་གནས་འཚོ་བ་ཞན་པའི་གནས་ཚུལ་བསྒྱུར་བཅོས་ཆེན་པོ་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག