མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་ཁང་རྙིང་ཁྱིམ་ཚང་ཁྲི4.05བསྒྱུར་བཀོད་བྱས།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-17 11:00

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་བོད་ལྗོངས་ནོར་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2014ལོར་བོད་ལྗོངས་ཀྱིས་ཁང་རྙིང་ཁྱིམ་ཚང་ཁྲི6.33ལ་བསྒྱུར་བཀོད་བྱ་རྒྱུའི་ལས་འགན་ཡོད་པ་དང་། བོད་ལྗོངས་ཀྱིས་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར10.83བཀོད་སྒྲིག་བྱས་ཡོད། མིག་སྔར་ལས་གཞི་སོ་སོའི་འཕེལ་རིམ་བེདེ་བླག་ཡིན་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཟླ9བའི་ཟླ་མཇུག་བར་དུ། ལྗོངས་ཡོངས་ཀྱི་ཞིང་སྡེའི་ཁང་རྙིང་ཁྱིམ་ཚང་ཁྲི4.05བསྒྱུར་བཀོད་བྱས་ཏེ་ལེགས་འགྲུབ་བྱུང་ཡོད་ཅིང་། ལོ་ཧྲིལ་བོའི་འཛུགས་སྐྲུན་འཆར་གཞི་ཡི64.1%ཟིན། དེ་ལས་མང་ཚོགས་ཁྲི14.4ལ་ཕན་ཁེ་ཐོབ། ད་ལྟ་འཛུགས་སྐྲུན་བྱེད་བཞིན་པའི་སྡོད་ཁང་ཁྱིམ་ཚང་ཁྲི1.78ཡོད་པ་དང་། ལོ་ཧྲིལ་བོའི་འཛུགས་སྐྲུན་འཆར་གཞི་ཡི28.2%ཟིན། རྒྱུ་ཆ་གྲ་སྒྲིག་བྱས་ཏེ་ཉེ་ཆར་ལས་འགོ་ཚུགས་རྒྱུ་ཡིན་པའི་ཁང་ཁྱིམ4884ཡོད་དེ། ལོ་ཧྲིལ་བོའི་འཛུགས་སྐྲུན་འཆར་གཞི་ཡི7.7%ཟིན་ཡོད་ཅིང་། བོད་ལྗོངས་ཡོངས་ཀྱི་ཞིང་སྡེའི་ཁང་རྙིང་བསྒྱུར་བཀོད་ཐད་ཀྱི་དངུལ་གཏོང་སྒོར་དུང་ཕྱུར19.28ལེགས་འགྲུབ་བྱུང་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག