མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ད་ལོའི་ལོ་སྟོད་དུ་བོད་ལྗོངས་ཀྱི་དབུལ་སྐྱོར་གསར་སྤེལ་ལ་མ་དངུལ་སྒོར་དུང་ཕྱུར11.5འབྱོར་བ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-17 10:59

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་བོད་རང་སྐྱོང་ལྗོངས་ཀྱི་དབུལ་སྐྱོར་བྱ་བའི་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ལོ་སྟོད་དུ་བོད་ལྗོངས་ཀྱི་དབུལ་སྐྱོར་གསར་སྤེལ་རྣམ་གྲངས་འཛུགས་སྐྲུན་བྱ་བར་གྲུབ་འབྲས་གསར་བ་བླངས་ཡོད་ཅིང་། ལོ་ཧྲིལ་བོའི་དམིགས་འབན་ལས་འགན་ལེགས་འགྲུབ་འབྱུང་བར་རྨང་གཞི་བརྟན་པོ་བཏིངས་ཡོད་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ལོ་སྟོད་དུ། རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་སྒྲུབ་ཁང་གིས་རྣམ་གྲངས་ཇུས་གཞི་ཇེ་ལེགས་སུ་གཏོང་བ་དང་། རྣམ་གྲངས་ཞིབ་དཔྱད་ཆེད་མཁས་པའི་མཛོད་འཛུགས་པའི་བྱ་བ་འཐུས་ཚང་དུ་གཏོང་བ། ཞིབ་བཤེར་མཛུབ་སྟོན་གནང་བར་ཤུགས་སྣོན་པའི་བྱེད་ཐབས་བརྒྱུད་དེ། སྔར་ལས་ལྷག་པའི་སྒོ་ནས་དངུལ་སྐྱོར་གསར་སྤེལ་རྣམ་གྲངས་འཛུགས་སྐྲུན་བྱ་བའི་འཕེལ་རིམ་ཇེ་མགྱོགས་སུ་བཏང་། ཟླ6པའི་ཟླ་མཇུག་བར་དུ། དབུལ་སྐྱོར་གསར་སྤེལ་ཐད་བསྡོམས་པས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར11.5དངོས་འབེབས་བྱས་ཤིང་། ལོ་འགོར་བཀོད་པའི་འཆར་གཞིའི88.3%ལེགས་འགྲུབ་བྱུང་། དེའི་ནང་ཀྲུང་དབྱང་གི་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར8.3དངོས་འབེབས་བྱས་པ་དང་། ལོ་འགོར་བཀོད་པའི་འཆར་གཞིའི78.3%ལེགས་འགྲུབ་བྱུང་། ཐོ་འགོད་རྣམ་གྲངས1455ཡོད་པ་དང་། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར11.5དམིགས་སར་འབྱོར་ཡོད་དེ། ལོ་སྔོན་མའི་དུས་མཉམ་ལས་སྒོར་དུང་ཕྱུར2.23འཕར་སྣོན་བྱུང་བ་དང་། 19.4%བཅས་འཕར་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག