མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

གྲ་ནང་རྫོང་གིས་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་འགོག་སྲུང་ཇེ་བརྟན་དུ་བཏང་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-10-17 10:55

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་གྱི་ལས་དོན་ཡག་པོ་བསྒྲུབས་ནས་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བསེལ་ཆེད། ལྷོ་ཁ་ས་ཁུལ་གྲ་ནང་རྫོང་སྤྱི་བདེ་ཅུས་ཀྱིས་ཉེན་བརྡའི་སྒྲིག་ཆས་ནས་དམ་འཛིན་བྱས་ཏེ། འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་འགོག་སྲུང་ཇེ་བརྟན་དུ་བཏང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གྲ་ནང་རྫོང་གིས་ཁྱོན་ཆེད་དོན་མ་དངུལ་སྒོར་ཁྲི6བཏང་ནས་རྒྱལ་ལམ101རྒྱུད་ཀྱི་གྲ་ནང་དུམ་བུ་དང་གྲ་ཕྱི་གཞུང་ལམ་དང་། དེ་བཞིན་སྨིན་གྲོལ་གླིང་གཞུང་ལམ་ཐོག་མྱུར་ཚད་དལ་གཏོང་དང་འོད་འཕྲོའི་གློག་སྒྲོན་སོགས་ཉེན་བརྡའི་སྒྲིག་ཆས66བསྒར་ནས། འགྲོ་ལམ་འགྲིམ་འགྲུལ་དོན་རྐྱེན་སྔོན་འགོག་དང་ཉུང་གཏོང་ཐད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག