མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཆུ་གསུམ་རྫོང་གིས་ཁྲིམས་ལུགས་དྲིལ་བསྒྲགས་བྱ་བར་ཤུགས་སྣོན་བརྒྱབ་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-10-17 10:55

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་དུ་ལྷོ་ཁ་ས་ཁུལ་ཆུ་གསུམ་རྫོང་གིས་གཞི་རིམ་དང་མང་ཚོགས་ཁྲོད་ཟབ་སྐྱོད་ཀྱིས་ཕྱོགས་ཡོངས་དང་། རྣམ་པ་སྣ་ཚོགས་ཐོག་ནས་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ཏེ། གཙོ་གནད་ཐོག་རྩ་ཁྲིམས་སོགས་ཁྲིམས་ལུགས་ཁྲིམས་སྲོལ30ཙམ་་དྲིལ་བསྒྲགས་བྱས་པ་མ་ཟད། ལས་དོན་མི་སྣ་སྒྲིག་འཛུགས་བྱས་ནས་ལས་ཡུལ་དངོས་སུ་ཁྲིམས་ལུགས་ཀྱི་བློ་འདྲིའི་ལས་སྟེགས་བཙུགས་པ་དང་། མང་ཚོགས་དང་ངོ་འཕྲད་ཀྱིས་བསམ་འཆར་བསྡུ་ལེན་བྱེད་པ། ཁྲིམས་ལུགས་བློ་འདྲིར་ལན་འདེབས་པ་བཅས་བྱས་པ་རེད། ད་བར་དྲིལ་བསྒྲགས་དཔྱད་གཞི5700ལྷག་གཤམ་སྤྲོད་བྱས་པ་དང་། བློ་འདྲི་བྱེད་གནས་དགུ་བཙུགས་པས་སློབ་གསོ་ཐེབས་པའི་མང་ཚོགས་མི་ཐེངས7300ཟིན་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག